“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན”གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པ་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན”གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཚོམས་ཆེན་དུ་འཚོགས། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། ཧྲན་ཏུང་དགེ་འོས་སློབ་ཆེན། མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར(ཁུལ)ཏང་གི་སློབ་གྲྭ་ཁ་ཤས་ཀྱི་མགོ་ཁྲིད་བརྒྱ་ལྷག་དང་། ཆེད་མཁས་མཁས་དབང་དང་བདམས་ཐོན་དཔྱད་རྩོམ་གྱི་རྩོམ་པ་པོའི་འཐུས་མི་བཅས་བགྲོ་གླེང་ཚོགས་འདུར་ཞུགས། 

ཉིན་དེར། མགོ་ཁྲིད་དང་ཆེད་མཁས་མཁས་དབང16གིས་སྔ་རྗེས་སུ《མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ལོ་བརྒྱའི་ལམ་བུ་དང་བསམ་བློ་རིག་གཞུང་ལས་དོན་པའི་འགན་འཁྲི་འཁུར་ཚུལ》དང་། 《ཀྲུང་གོ་གུང་ཁྲན་ཏང་དང་མར་ཁེ་སི་རིང་ལུགས》《མཐར་གཏུགས་ན་མར་ཁེ་སི་རིང་ལུགས་ཀྱི་ལེགས་པས་སོ》《དུས་རབས་གསར་བར་མཚོ་སྔོན་གྱི་གསར་བརྗེའི་རིག་གནས་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་འགན་འཁྲི་ལྕི་པོ་འཁུར་ཕོད་པ》《འགན་འཁྲི་འཁུར་ཕོད་ཅིང་ཡིད་ཆེས་བརྟན་པོས་མར་ཁེ་སིའི་རིང་ལུགས་སློབ་གླིང་གི་སྤྱིའི་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་རྒྱག་པ》《མར་ཁེ་སི་སློབ་གླིང་ནས་མར་ཁེ་སི་གླེང་བ》 《མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་སློབ་གསོར་འཕྲད་པའི་འགྲན་སློང་མང་པོ་དང་དེར་ཁ་གཏད་ནུས་ལྡན་གཅོག་པ》《བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་ཏང་འཛུགས་སྐྱོང་གསར་གཏོད་ཀྱི་རྒྱབ་ལྗོངས་དང་གྲུབ་འབྲས་ཉམས་མྱོང་བཅས་སྐོར》《མའོ་ཙེ་ཏུང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལོ་རྒྱུས་ལེགས་སྐྱེས་ལ་རགས་ཙམ་དཔྱད་པ》སོགས་བརྗོད་གཞིར་བྱས་ནས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་འཕེལ་རྒྱས་ལོ་རྒྱུས་དང་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཕན་ཚུན་འབྲེལ་འདྲེས་ཀྱི་འབྲེལ་བ་ཕྱོགས་བསྡོམས་བྱས་ཤིང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ངོས་འཛིན་གཅིག་མཐུན་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་བར་མཚོ་སྔོན་གྱི་བློ་གྲོས་འབུལ་བའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་བཏང་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།