“གཙང་གསུམ་འབྱུང་ཡུལ་དུ་བློ་གྲོས་བསྡུས། མཚོ་སྔོན་གསར་བར་རོགས་འདེགས་བྱེད”ཅེས་པའི་ཤེས་ལྡན་མི་སྣའི་རྣམ་གྲངས་ཚོང་གཏམ་གྲོས་ཚོགས་སྐབས་དང་པོར་གཡུར་ཟའི་གྲུབ་འབྲས་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་གཅིག་རིང་། “གཙང་གསུམ་འབྱུང་ཡུལ་དུ་བློ་གྲོས་བསྡུས། མཚོ་སྔོན་གསར་བར་རོགས་འདེགས་བྱེད”ཅེས་པའི་ཤེས་ལྡན་མི་སྣའི་རྣམ་གྲངས་ཚོང་གཏམ་གྲོས་ཚོགས་ཐོག་མིང་རྟགས་བཀོད་པའི་རྣམ་གྲངས310ལ་དུས་བཀག་ལྟར་སྐུལ་འདེད་བཏང་ནས“ཁྱད་ལྡན་ཤེས་ལྡན་མི་སྣའི་རྣམ་གྲངས་ཆེ་གྲས་བཅུ”ཐོན་ཡོད།

ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡི་པུའུ་དོན་ཨུ་ཡོན་ནམ་ཞིང་ཆེན་ཤེས་ལྡན་མི་སྣ་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ལིན་ཡོན་ཚང་གིས་ངོ་སྤྲོད་བྱ་རྒྱུར། ན་ནིང་གི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དུས་སུ། མཚོ་སྔོན་ཞིང་ཆེན་གྱིས“གཙང་གསུམ་འབྱུང་ཡུལ་དུ་བློ་གྲོས་བསྡུས། མཚོ་སྔོན་གསར་བར་ལ་རོགས་འདེགས་བྱེད”ཅེས་པའི་ཤེས་ལྡན་མི་སྣའི་རྣམ་གྲངས་ཀྱི་ཚོང་གཏམ་གྲོས་ཚོགས་སྐབས་དང་པོ་བདེ་ལེགས་ངང་འཚོགས་ནས། གྲོང་ཁྱེར་དང་ཁུལ8དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས27གྱིས་ཁྱོན་ཤེས་ལྡན་མི་སྣ310ལ་གན་རྒྱ་བཞག་པ་དང་། སྣེ་ཁྲིད་ཤེས་ལྡན་མི་སྣ660ལྷག་ནང་འདྲེན་བྱས་ནས་མ་འཇོག་དངུལ་ལོར་དུང་ཕྱུར60.19སྐྲུན། དེ་དག་ཐོན་ལས་འཕེལ་རྒྱས་དང་སློབ་གསོ་འཕྲོད་བསྟེན། འཇོན་མི་གསོ་སྐྱོང་སོགས་ཕྱོགས10ལ་རག་ལས་པས་ཤེས་ལྡན་མི་སྣའི་ཞིང་ཆེན་སྟོབས་ལྡན་གྱི་འཐབ་ཇུས་ལ་གསོན་ཤུགས་ཆེན་པོ་བསྩལ། དེའི་ནང་མཐོ་རིམ་ཤེས་ལྡན་མི་སྣ36དང་། ཡོན་ཧྲི་ཀྲང་ཀེ་ཕིང་གི་ཕྲ་ཕུང་དང་ཆ་རྡུལ་རིམས་འགོག་རིག་པའི་གསར་གཏོད་ལས་གཏོད་ཚོགས་པ། ཡོན་ཧྲི་ཏོན་ཞུའེ་ཡི་གསར་གཏོད་ཚོགས་པ། ཡོན་ཧྲི་ཝུའུ་ཧྥུང་ཁྲང་གི་གསར་གཏོད་ཚོགས་པ། ཐེན་ཅིན་སློབ་ཆེན་གྱི་སྐྱེ་ལྡན་འོད་གློག་བཀོལ་སྤྱོད་ཞིབ་འཇུག་ཚོགས་པ། ཀྲུང་གོ་ཚན་རིག་ཁང་སློབ་ཆེན་གྱི་ཝང་ཡན་ཕིང་གི་ཚོགས་པ། ཡོན་ཧྲི་ཡོན་ལུང་ཕིང་གི་ཆིང་ཏའོ་མཚོའི་ཆུ་འབྲས་ཞིབ་འཇུག་ཚོགས་པ་སོགས་ཚོགས་པ6ཡོད། དེ་དག“ཁུ་ནུའི་འཇོན་མིའམ་རྩེར་སོན་གསར་གཏོད་ལས་གཏོད་ཤེས་ལྡན་མི་སྣ”ཡི་རྣམ་གྲངས་ནང་བཅུག་ནས་དམིགས་བསལ་གྱིས་རྒྱབ་སྐྱོར་བྱ་རྒྱུ་རེད། ལོ་གཅིག་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་ཀྱི་རོགས་སྐྱོར་དང་། རྣམ་གྲངས་ཀྱི་ཞབས་ཞུ། སྤྱི་ཚོགས་ཁོར་ཡུག་བཅས་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་སྔར་བས་མཛེས་སྡུག་དང་སྡོད་མལ་ལ་འཚམ་པའི་སྐྱེ་ཁམས་ཁོར་ཡུག་དང་། སྒོ་འབྱེད་དང་ནུས་ཆེའི་ཞབས་ཞུའི་ཁོར་ཡུག ཚོང་གཅེས་དང་འཇོན་ཐང་ལ་གཅེས་པའི་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་བཅས་ལ་བརྟེན་ནས། རྒྱ་ཆེའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣ་མཚོ་སྔོན་དུ་ཡོང་ནས་མ་འཇོག་ལས་དར་བྱེད་པར་ཆ་རྐྱེན་བཟང་པོ་བཏོད་ཡོད། ཤེས་ལྡན་མི་སྣའི་རྣམ་གྲངས་ཚོང་གཏམ་གྲོས་ཚོགས་ཐོག་མིང་རྟགས་བཀོད་པའི་རྣམ་གྲངས་དོན་འཁྱོལ་ཐུབ་པར་རྒྱུན་མཐུད་དང་སྐུལ་འདེད་ནུས་ལྡན་བཏང་ནས་དགེ་མཚན་ལྡན་པའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་ཐོན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།