མཚོ་སྔོན་ཞིང་ཆེན་གྱིས་ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་སྔར་བས་ཤུགས་སྣོན་དགོས་པ་གཏན་འབེབས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་ཤུགས་སྣོན་ཆེད། ད་ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས2019ལོའི་ཟླ8པར་བཏོན་པའི《མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པའི་ཆབ་སྲིད་བྱང་ཚད་རྟོག་ཞིབ་བྱ་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)ལ་བཟོ་བཅོས་བརྒྱབ་ནས་རྟོག་ཞིབ་ཀྱི་ནང་དོན་འཐུས་ཚང་དང་། རྟོག་ཞིབ་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་སྔར་བས་ཤུགས་བསྣན།

གསར་དུ་བཟོ་བཅོས་བརྒྱབ་པའི《བྱ་ཐབས》ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་གི་ལས་བྱེད་པའི་ལས་དོན་དང་ལྷག་པར་དུ་ལས་བྱེད་པར་དཔྱད་ཞིབ་ཡང་དག་དང་དངོས་སྒྲུབ་ལས་བྱེད་པའི་ཆབ་སྲིད་བྱང་ཚད་སྐོར་གྱི་མཛུབ་སྟོན་གསར་ཤོས་དང་། བླང་བྱ་གལ་ཆེན་ལག་བསྟར་བྱས་པ་དང་རྟོག་ཞིབ་ཀྱི་ནང་དོན་ཐད་ཆབ་སྲིད་ལ་བློ་དཀར་གཞུང་དྲང་དང་། ཆབ་སྲིད་ཀྱི་ངེས་ཤུགས་ལྡན་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ། ཆབ་སྲིད་ཀྱི་ནུས་པ། ཆབ་སྲིད་ཀྱི་རང་གཅུན་བཅས་ཕྱོགས་ལྔའི་ཐད་ཀྱི་ནང་དོན་སྔར་བས་ཞིབ་ཚགས་སུ་བཏང་བ་དང་། “ཡིན་མིན་བཅུ་བདུན”ཁ་གསལ་བཟོས་པས་རྟོག་ཞིབ་ཀྱི་ནང་དོན་སྔར་ལས་གཅིག་བསྡུས་དང་། བླང་བྱ་སྔར་ལས་ཁ་གསལ། ཚད་གཞི་སྔར་ལས་དམ་འཛིན་བཅས་བྱུང་ཡོད། རྟོག་ཞིབ་བྱེད་ཐབས་ཐད། “གསལ་འབྱེད་གཉིས”དང“མིང་རྟགས་གསུམ”དང་། ཀྲི་པུའུ་ཡི་བསམ་འཆར་ལ་ཉན་པ། “ཁྱིམ་ཚང་དུ་བཅར་འདྲི་བྱེད་པར”རྟོག་ཞིབ་བྱེད་པ། ཆབ་སྲིད་ཡོངས་བསྒྲགས་ངང་ཁས་ལེན་བྱེད་པ། ཆ་འཕྲིན་འབྲེལ་མཐུད་བྱེད་པ། ཏག་ཏག་དཔྱད་དཔོག་ལ་ངོ་རྒོལ་བྱེད་པ། “འདོན་པར་ངེས་པར་བཞི”སོགས་ཀྱི་བྱེད་ཐབས་སྤྱད་དེ་རྟོག་ཞིབ་བྱེད་ཐབས་སྔར་བས་དངོས་སྒྲུབ་གོ་ཆོད་ཡོང་བར་བརྩོན་ལེན་བྱེད་དགོས་པ་གཏན་འབེབས་བྱས། རྟོག་ཞིབ་བྱས་འབྲས་བེད་སྤྱོད་བྱེད་པར་རྟོག་ཞིབ་བྱས་འབྲས་དེ་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་དང་། སློབ་གསོ་གསོ་སྐྱོང་། དོ་དམ་ལྟ་སྐུལ་བཅས་དང་དེ་བཞིན“འཐུས་མི་གཉིས་དང་ཨུ་ཡོན་གཅིག”འོས་སྦྱོར་དང་། སྔོན་འདེམས་ལེགས་འདེམས། ཏང་ཡོན་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་བྱ་བའི་ཁྲོད་སྤྱོད་དགོས་པའི་བླང་བྱ་བཏོན།

《བྱ་ཐབས》ནང་ད་དུང་རྟོག་ཞིབ་ཚན་ཆུང་རྩ་འཛུགས་དང་། ཏང་ཨུ(ཏང་ཙུའུ)ཡིས་ལས་བྱེད་པ་འོས་སྦྱོར་བྱེད་སྐབས་ཀྱི་ཆབ་སྲིད་ཀྱི་འགག་སྒོ་སྲུང་བའི་འགན་འཁྲི་དང་། རིགས་སོ་སོའི་དཔྱད་ཞིབ་དང་རྟོག་ཞིབ་བྱེད་སྐབས་ཀྱི་ཆབ་སྲིད་ཀྱི་བྱང་ཚད་རྟོག་ཞིབ་བྱེད་པའི་བླང་བྱ་འབུར་དུ་ཐོན་དགོས་པ་སོགས་གཏན་འབེབས་བྱས་ཡོད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།