སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ། ཧྲེ་ཀྲང་ཧུའུ་ཝེ་ཀྲུང་གིས་སྙན་ཞུ་སྒྲོག་འགྲེལ་གནང་། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཁོངས་མི་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱི་ལས་བྱེད་ལས་བཟོ་བ་ཡོངས་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་ཡོངས། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་བཅས་ཁྱོན་མི390ཞུགས་ཡོད།

སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རྩེ་གཅིག་ཏུ་དམིགས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱིའི་བླང་བྱ་དང་ཟུང་འབྲེལ་དང་། ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཟུང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དོན་སྙིང་གལ་ཆེན་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རིགས་པའི་གཞུང་ལུགས་འཚོལ་ཞིབ་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འབད་འཐབ་ལྷོད་མེད་ལོ་རྒྱུས། ཏང་གི་སྔོན་ཐོན་རང་བཞིན་ནམ་ཡང་གནས་པའི་རང་ངོས་འཛུགས་སྐྲུན་ལོ་རྒྱུས། རྒྱུགས་སྤྲོད་ལམ་བུའི་ཐོག་ཏང་དང་མི་དམངས་ལ་གཟི་བརྗིད་སྔར་བས་ཆེ་བ་བརྩོན་ལེན་བྱེད་པ་སོགས་ཀྱི་ཕྱོགས་ལྔའི་ཐད་ནས། ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཇི་ལྟར་ལེན་པ། དོན་འཁྱོལ་མཐར་ཕྱིན་བྱེད་པར་དམིགས་ནས་སྒྲོག་འགྲེལ་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།