མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་ཕྱོགས་བསྡུས་སྐྱེ་དངོས་ཁེབས་ཚད57.4%ལ་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཕྱུགས་འཚོ་མི་ཆོག་པ་དང་རྩྭ་ཕྱུགས་དོ་མཉམ་སྒྲིག་སྲོལ་དོན་འཁྱོལ་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་རྒྱུན་འཁྱོངས་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྐྱེ་དངོས་ཁེབས་ཚད57.4%ལ་སླེབས་ཤིང་། རྩྭ་ཐང་གི་སྐྱེ་དངོས་ཁེབས་ཚད་རྒྱུན་འཁྱོངས་དང་གཏན་འཇགས། ལེགས་པའི་ཕྱོགས་སུ་བསྒྱུར་བའི་རྩྭ་ཐང་གི་རྒྱ་ཁྱོན87%ལ་སླེབས་ཤིང་། རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཞན་འགྱུར་ཁ་ཕྱོགས་ལ་ཚོད་འཛིན་ཐོབ་ཅིང་། སྐྱེ་ཁམས་བྱེད་ནུས་མུ་མཐུད་དུ་མཐོར་འདེགས་སུ་སོང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་ལེགས་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད། 

རང་ཞིང་གི་རང་བྱུང་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི4213.34ཡིན་པ་དང་། དེས་རྒྱལ་ཁོངས་རྒྱ་ཁྱོན60.47%ཟིན་ལ། དེ་ནི་ཞིང་ཆེན་མངའ་ཁོངས་རྒྱ་ཁྱོན་ཆེས་ཆེ་བའི་སྐྱེ་ཁམས་མ་ལག་ཡིན་པ་མ་ཟད།མཚོ་བོད་མཐོ་སྒང་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་གལ་ཆེན་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། རང་ཞིང་གིས་བསྟུད་མར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་། འཛུགས་སྐྲུན་གྱི་དུས་རིམ་གཉིས་པ། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་། ཕྱོགས་བསྡུས་ལེགས་བཅོས་འཛུགས་སྐྲུན། ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན། ཞན་འགྱུར་རྩྭ་ཐང་གི་མིའི་བཟོས་རྩྭ་འདེབས་སྐྱེ་ཁམས་སླར་གསོ་སོགས་རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་ལག་བསྟར་བྱས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་སུ། ཁྱོན་བསྡོམས་རྩྭ་སའི་ལྕགས་རྭ་སྤྱི་ཆིངས2195533.3འཛུགས་སྐྲུན་བྱས་པ་དང་། གསབ་འདེབས་ལེགས་སྒྱུར་རྩྭ་སྤྱི་ཆིངས612113.3བཏབ་པ་དང་། ས་ནག་ཅན་གྱི་རྩྭ་ས་ཞན་འགྱུར་སྤྱི་ཆིངས531873.3ལེགས་བཅོས་བྱས་ཤིང་། ཞན་འགྱུར་རྩྭ་ས་སྤྱི་ཆིངས55380ལེགས་བཅོས་བྱས་པ་དང་། རྩྭ་སའི་གནོད་པ་ཡོད་པའི་སྐྱེ་དངོས་སྤྱི་ཆིངས9333333འགོག་བཅོས་ཚོད་འཛིན་བྱས་ལ། མིའི་བཟོས་རྩྭ་ས་སྤྱི་ཆིངས90213.3འཛུགས་སྐྲུན་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།