ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང2པར་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ7པའི་ཚེས19ཉིན་ཟི་ལིང་སྒོ་ཁྲལ་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་དུ། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར14.8ཡིན་པ་དང་། དེ་ན་ནིང་གི་དུས་མཉམ་ལས་ལྡབ1.2འཕར་བ་དང་། འཕར་སྣོན་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང2པར་སླེབས། དེའི་ཁྲོད། ཕྱིར་གཏོང་སྒོར་དུང་ཕྱུར6.9ཡིན་པ་དང་། 64.4%འཕར་བ་དང་། འཕར་སྣོན་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང3པ་ཡིན། ཕྱིར་གཏོང་སྒོར་དུང་ཕྱུར7.9ཡིན་པ་དང་། འཕར་ཚད་ལྡབ2.1ཡིན་ལ། འཕར་སྣོན་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང2པ་ཡིན། ཟླ6པ་རྐྱང་བར། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་སྤྱིའི་རིན་ཐང་སྒོར་དུང་ཕྱུར3.1ཡིན་པ་དང་ལྡབ2.7འཕར། 

ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་དང་ཕེ་རུ། ཨ་ཧྥེ་རི་ཁ་ལྷོ་མ། འཇར་པན། ཡོ་རོབ་མནའ་འབྲེལ། ཤར་ཕྱོགས་མནའ་འབྲེལ་སོགས་ཉོ་ཚོང་གྲོགས་པོའི་ཕྱིར་གཏོང་འཕར་སྣོན་རྒྱུན་འཁྱོངས་བྱས། དུས་མཉམ་ལས“རྒྱུད་གཅིག་ལམ་གཅིག”འགྲམ་རྒྱུད་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར3ཡིན་པ་དང51.6%འཕར། དེས་མཚོ་སྔོན་གྱི་ཕྱིའི་ཉོ་ཚོང་སྤྱི་གྲངས་ཀྱི20.3%ཟིན། དེ་མིནRCEPརྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར3.1ཡིན་པ་དང40.3%འཕར། 

དོ་སྣང་བྱེད་རིན་ཡོད་པ་ཞིག་ལ། དམངས་གཉེར་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་སྣེ་ཁྲིད་ཅིང་། དེས་ཞིང་ཆེན་ཡོངས་ཀྱི་ཉོ་ཚོང་འཕར་བར་བྱས་རྗེས་ཆེས་ཆེ། ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར8.9ཡིན་པ་དང་། ལྡབ1.1འཕར་ཞིང་དེས་མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱིའི་རིན་ཐང་གི60.1%ཟིན་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་འཕར་བར་བྱས་རྗེས་འཇོག་ཚད58%ལ་སླེབས། དེའི་ཁྲོད་ཕྱིར་གཏོང་སྒོར་དུང་ཕྱུར5.7ཡིན་པ་དང73%འཕར། ནང་འདྲེན་སྒོར་དུང་ཕྱུར3.2ཡིན་ལ་འཕར་ཚད་ལྡབ2.6ཡིན། 

ཟི་ལིང་དང་མཚོ་ནུབ། མཚོ་ཤར། མཚོ་ལྷོ། མགོ་ལོག་གི་ཕྱི་ཕྱོགས་ཉོ་ཚོང་ཆ་སྙོམས་ཀྱིས་ཆེས་ཆེར་འཕར་ཡོད། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར11.4ཡིན་པ་དང་།ལྡབ1.2འཕར་ཞིང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར1.6ཡིན་པ་དང44%འཕར། མཚོ་ཤར་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་སྒོར་ཁྲི8704.7ཡིན་ཞིང་། ལྡབ3.4འཕར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་སྒོར་ཁྲི5550.9ཡིན་ཞིང་། ལྡབ5.8འཕར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་སྒོར་ཁྲི1084.2ཡིན་པ་དང་ལྡབ1བཅས་འཕར་ཡོད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།