ལིའུ་ཁྲའོ་ཡིས་མཚོ་བྱང་ཁུལ་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས19ཉིན་ནས་ཚེས20ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧའེ་རིགས་རང་སྐྱོང་རྫོང་དང་ཆི་ལེན་རྫོང་དུ་སོང་ནས། བཟོ་ལས་གཏེར་ཁ་དང་ཉོ་ཚོང་ཁེ་ལས། དེ་མིན་གཞི་རིམ་ཁྲལ་བསྡུ་ལས་ཁུངས་སུ་སོང་ནས། དཔྱ་ཁྲལ་བསྡུ་ལེན་དང་། ཁྲལ་འཕྲི་ཡོན་གཅོག་བཅོས་བསྒྱུར་སོགས་ཀྱི་བྱ་བར་རྟོག་ཞིབ་གནང་།

ལིག་ཁྲའོ་ཡིས་ནན་གྱིས་བསྟན་དོན། ཁྲལ་བསྡུ་དེ་རྒྱལ་ཁབ་བཅོས་སྐྱོང་ཁྲོད་རྨང་གཞི་རང་བཞིན་དང་གཞོགས་འདེགས་རང་བཞིན། འགན་སྲུང་རང་བཞིན་བཅས་ཀྱི་ནུས་པ་ལྡན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནོར་སྲིད་ཁྲལ་དོན་བྱ་བའི་མཆན་བཀོད་མཛུབ་སྟོན་དང་། མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་བྱས་ནས། དཔྱ་ཁྲལ་བསྡུ་ལེན་ལ་ཤུགས་སྣོན་དང་། ཁྲལ་བསྡུ་ཞབས་ཞུ་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཚོང་རའི་གཙོ་གཞི་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། ཁྲལ་བསྡུའི་ཁྲིམས་བཀོད་གཏན་འཁེལ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་ཁྲལ་བསྡུ་ཡོང་སྒོ་རྩ་འཛུགས་བྱས་ནས། “སྐྱོན་ཆ”མི་འབྱུང་བར་བྱེད་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སྲུང་ཚོད་འཛིན་བྱེད་པ། ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ཁྲིམས་ལྟར་ཁྲལ་བསྡུ་དང་འབྲེལ་བའི་ནག་ཉེས་བྱ་སྤྱོད་ལ་རྒོལ་རྡུང་དྲག་པོ་བཏང་ནས། བསྡུ་དགོས་པ་བསྡུ་བ་དང་། སྤྲོད་དགོས་པ་ངེས་སྤྲོད་ཡོང་བར་བྱས་ཏེ། ཁྲལ་བསྡུའི་འགན་སྲུང་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས། ཁྲལ་འཕྲི་ཡོན་གཅོག་ཕན་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ། ཁྲལ་བསྡུའི་སྲིད་ཇུས་གནད་འཁེལ་སྒྲིག་སྲོལ་འཛུགས་རྒྱུ་དང་། སྲིད་ཇུས་ཀྱི་ཁེ་ཕན་གནད་འཁེལ་ཞིབ་ཚགས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཁྲལ་འཕྲི་ཡོན་གཅོག་སྲིད་ཇུས་ཀྱི་ཇ་མཉུང་དུ་གཏོང་དགོས་པར་གང་ནུས་ཀྱིས་ཇེ་ཉུང་དུ་གཏོང་བ་དང་། ཐད་ཀར་དུ་མཉམ་སྤྱོད་བྱས་ཏེ། ཁེ་ལས་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་པ་དང་། ཡིད་ཆེས་ཤུགས་དྲག་ཏུ་བཏང་ནས། ཚོང་རའི་གཙོ་གཞིར་གསོན་ཤུགས་སྐུལ་སྤེལ་བྱེད་དགོས།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།