རྒྱལ་ཡོངས་གསར་བརྗེ་དྲིལ་སྒྲོག་མནའ་འབྲེལ་གྱི་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་མཉམ་འདྲེས་སྨྱན་བྱད་ཀྱི་བཅར་འདྲིའི་མཚོ་བྱང་ས་ཚིགས་ཀྱི་བྱ་འགུལ་མགོ་བརྩམས་པ།

640 - 2021-07-20T211056.910.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། རྡོ་རྗེ་བསམ་གྲུབ། ཚེ་དཔལ་རྒྱལ།)  ཟླ7པའི་ཚེས20ཉིན། རྒྱལ་ཡོངས་གསར་བརྗེ་དྲིལ་སྒྲོག་མནའ་འབྲེལ་གྱི་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་མཉམ་འདྲེས་སྨྱན་བྱད་ཀྱི་བཅར་འདྲིའི་མཚོ་བྱང་ས་ཚིགས་ཀྱི་བྱ་འགུལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་དངོས་སུ་མགོ་བརྩམས།

640 - 2021-07-20T211916.449.jpeg

ཐེངས་འདིའི་བྱ་འགུལ་ལ་ཀོང་ཏུང་དང་། ཨན་ཧུའེ། ཧྲན་ཏུང་། ཧྲན་ཞི། ཀྲེ་ཅང་། ཅང་སུའུ་སོགས་ཞིང་ཆེན8གྱི་སྨྱན་བྱད་གསར་བའི་འབྲེལ་ཡོད་ལས་ཁུངས་དང་། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སྨྱན་བྱད་གསར་བའི་ལྟེ་གནས། མཚོ་སྔོན་གསར་འགྱུར་དྲ་བ། ནུབ་མཚོ་ཚགས་པར་ཁང་། ཟི་ལིང་དགོང་དྲོའི་ཚགས་པར། ཞིན་ཧྭ་དྲ་བའི་མཚོ་སྔོན་ཡན་ལག་ཁང་། ཀྲུང་གོའི་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། མཚོ་བྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་། མདོ་ལ་ཚགས་པར་ཁང་སོགས་བསྡོམས་པས་གསར་འགྱུར་སྨྱན་བྱད་ལས་ཁུངས19ཡི་གསར་འགོད་པ་ཞུགས་ཡོད་ལ། དེ་དག་ཡང་བསྐྱར་མཚོ་བྱང་གི་གསར་བརྗེའི་གནས་ཤུལ་ཁག་ཏུ་བསྐྱོད་ནས་གསར་བརྗེའི་གཏམ་རྒྱུད་གཏིང་ཟབ་ངང་སྔོག་འདོན་བྱེད་པ་དང་། མཚོ་བྱང་མི་དམངས་ཀྱིས་འབར་མདེལ་གཉིས་དང་སྲུང་སྐར་གཅིག་གི་སྙིང་སྟོབས་ཀྱི་སྣེ་ཁྲིད་འོག་འོད་སྟོང་འབར་བའི་གྲུབ་འབྲས་བླངས་པ་མངོན་པར་འགྲེམ་སྟོན་བྱ་རྒྱུ་རེད། 

640 - 2021-07-20T211931.402.jpeg

མཚོ་བྱང་ཁུལ་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཝང་ཡུང་ཁྲང་གིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་གསར་འགྱུར་ལས་བྱེད་པའི་མཐུན་ཚོགས་ཀྱི་ཆེད་གཉེར་ཀྲུའུ་ཞི་གཞོན་པ་ཀའོ་ཡུང་ཕུའུ་ཡིས་མཛད་སྒོའི་མགོ་བརྩམས་ཤིང་། ཞིང་ཆེན་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཁྲུན་ཅན་ཆིན་གྱིས་བཅར་འདྲི་བྱ་འགུལ་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

640 - 2021-07-20T212001.319.jpeg

རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་གསར་བརྗེ་དྲིལ་སྒྲོག་མནའ་འབྲེལ་གྱི་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་མཉམ་འདྲེས་སྨྱན་བྱད་ཀྱི་བཅར་འདྲི་བྱ་འགུལ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དམར་པོའི་གསར་བརྗེའི་སྙིང་སྟོབས་དར་སྤེལ་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་འབད་འབུངས་ཀྱི་ལོ་བརྒྱའི་ལམ་བུ་སྟེང་། རྒྱང་སྐྱོད་གསར་བའི་མགོ་རྩོམ་པ་ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་མཛུབ་སྟོན་གྱི་དགོངས་དོན་དངོས་འབེབས་བྱས་ཏེ། ཀྲུང་གོ་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་མཛུབ་སྟོན་དང་རོགས་སྐྱོར་འོག གསར་བརྗེའི་སྙིང་སྟོབས་འབྱུང་ཡུལ་ས་ཁུལ་གྱི་ཏང་གི་སྨྱན་བྱད་གཅིག་སྡུད་བྱེད་པར་དམིགས་ནས་རྩ་འཛུགས་བྱས་པའི་མཉམ་འདྲེས་སྨྱན་བྱད་ཀྱི་དྲིལ་སྒྲོག་བྱ་འགུལ་ཞིག་ཡིན། 

640 - 2021-07-20T212014.508.jpeg

མཚོ་བྱང་ས་ཚིགས་ཀྱི་བཅར་འདྲིའི་བྱ་འགུལ་གྱི་དུས་ཡུན་ཉིན་གཉིས་ཡིན་ལ། རྒྱལ་ཡོངས་གསར་བརྗེ་དྲིལ་སྒྲོག་མནའ་འབྲེལ་གྱི་མཉམ་འདྲེས་སྨྱན་བྱད་བཅར་འདྲིའི་རུ་ཁག་སྔ་རྗེས་སུ་ཀྲུང་གོའི་ཉིང་རྡུལ་ཞིབ་འཇུག་གསར་བཟོ་རྟེན་གཞིའི་གནས་རྙིང་གི་བཟོ་གྲྭ་བཞི་བ་དང་བཟོ་གྲྭ་གཉིས་པ། ཧྲང་ཞིན་ས་ཚིགས་བཅས་དང་། དུས་རབས་ཀྱི་མིག་དཔེའི་རྗེས་དྲན་ཁང་། མཚོ་སྔོན་པོ་ཁེ་རེམས་ཐང་བརླན་ས་དང་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་སོགས་ས་ཁུལ་དུ་བཅར་འདྲི་ལ་བསྐྱོད་རྒྱུ་རེད། །

1WechatIMG6.jpg

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།