མགོ་ལོག་ཁུལ་གྱི་མི་རིགས་ཞབས་བྲོའི་ཟློས་གར《ཇི་སྲིད་བར་གྱི་རྒྱང་སྐྱོད》ཞེས་པ་ཟི་ལིང་ནས་འཁྲབ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་གསར་རྩོམ་བྱས་པའི་མི་རིགས་ཞབས་བྲོ་ཟློས་གར《ཇི་སྲིད་བར་གྱི་རྒྱང་སྐྱོད》ཞེས་པ་ཟླ7པའི་ཚེས23ཉིན་ཟི་ལིང་དུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་དང་། བྲོ་གར་དེས་མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྐྱོད་བརྗོད་བྱ་ཡིན་པའི་བྲོ་གར་ཆེ་གྲས་ཀྱི་སྟོང་ཆ་བསྐངས་པ་རེད།

མི་རིགས་ཀྱི་ཞབས་བྲོའི་ཟློས་གར《ཇི་སྲིད་བར་གྱི་རྒྱང་སྐྱོད》ནི་དམར་དམག་རྒྱང་སྐྱོད་ཁྲོད་དུ་མགོ་ལོག་ཁུལ་པད་མ་རྫོང་དུ་བཞག་པའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་གཞིར་བཟུང་ནས། པད་མའི་རྩྭ་ཐང་དུ་ཁྱབ་པའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་བརྗོད་པ་དང་། ཆུ་དང་འོ་མ་བཞིན་འདྲེེས་པའི་དམག་དམངས་བར་ལྷག་སེམས་ཟོལ་མེད་ཀྱི་བརྩེ་སེམས་སོགས་ལྷུག་པོར་བརྗོད་པ་བརྒྱུད། དཀའ་བ་ཁྱད་དུ་བསད་པ་དང་བསྟོད་བསྔགས་བྱེད་འོས་པའི་རྒྱང་སྐྱོད་སྙིང་སྟོབས་མཚོན་ཡོད། དེ་ནི་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ལ་བསྟོད་གླུ་འབུལ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་དང་ཟུང་འབྲེལ་བྱས་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཀྱང་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། ཞབས་བྲོའི་ཟློས་གར་འདི2018ལོར་གསར་རྩོམ་བྱེད་མགོ་བརྩམས་པ་དང་། 2020ལོའི་ཟླ6པའི་ནང་འཁྲབ་གཞུང་གསར་རྩོམ་ལེགས་འགྲུབ་བྱུང་བ་མ་ཟད་ཆེད་མཁས་པས་ཁས་ལེན་གདེང་འཇོག་ཐོབ། 2020ལོའི་ཟླ10པའི་ནང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་འོས་སྦྱོར་བྱས་པ་བརྒྱུད། རིག་གནས་དང་ཡུལ་སྐོར་པུའུ་ཡིས“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི“ལོ་བརྒྱ་འཁོར་བ་དང་བརྩམས་ཆོས་བརྒྱ་གསར་རྩོམ”གར་སྟེགས་སྒྱུ་རྩལ་ཕུལ་བྱུང་གསར་རྩོམ་བཟོ་འགོད”གྲས་ཀྱི་རོགས་སྐྱོར་རྣམ་གྲངས་གཙོ་བོའི་ནང་ཚུད་པ་མ་ཟད“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”གར་སྟེགས་ཕུལ་བྱུང་འཁྲབ་ཚན་གསར་རྩོམ་ནང་བཞག་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་འཁྲབ་སྟོན་ཟློས་གར་ནང་དུའང་བཞག་ཡོད་པ་རེད།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།