མཚོ་སྔོན་སློབ་ཆེན་སོགས་གསོ་སྦྱོང་སྒྲིག་གཞི10ལ“མཚོ་སྔོན་ཞིང་ཆེན་གྱི་དམག་ཁོངས་ནས་བུད་པའི་དམག་མིའི་སློབ་གསོ་གསོ་སྦྱོང་རྟེན་གཞིའི”མཚན་སྙན་སྤྲད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་ཐིང་དང་ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་བཅས་ཀྱིས“མཚོ་སྔོན་ཞིང་ཆེན་གྱི་དམག་ཁོངས་ནས་བུད་པའི་དམག་མིའི་སློབ་གསོ་གསོ་སྦྱོང་རྟེན་གཞི”ཡི་སྒོ་བྱང་སྤྲོད་པའི་མཛད་སྒོ་བསྡུས། མཚོ་སྔོན་སློབ་ཆེན་སོགས་གསོ་སྦྱོང་སྒྲིག་གཞི10ལ“མཚོ་སྔོན་ཞིང་ཆེན་གྱི་དམག་ཁོངས་ནས་བུད་པའི་དམག་མིའི་སློབ་གསོ་གསོ་སྦྱོང་རྟེན་གཞི”ཡི་མཚན་སྙན་ཐོབ། 

མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་ཐིང་བཙུགས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། དམག་ཁོངས་ནས་བུད་པའི་དམག་མི་ལྟེ་བར་འཛིན་པའི་ཞབས་ཞུའི་འདུ་ཤེས་བརྟན་པོར་བཙུགས་པ་དང་། ལས་ཞུགས་ནུས་པ་ཆེར་གཏོང་དང་ལས་ཞུགས་ཀྱི་སྤུས་ཚད་འགན་སྲུང་བྱེད་པར་དམིགས་ཏེ་ཞིང་ཆེན་ཡོངས་ཀྱི་དམག་ཁོངས་ནས་བུད་པའི་དམག་མིའི་སློབ་གསོ་གསོ་སྦྱོང་གི་ལས་དོན་ཏན་ཏིག་སྒྲུབ་པ་དང་། སྤྱི་ཡོངས་ཅན་གྱི་འཕེལ་རྒྱས་དང་ཕན་ནུས་ལྡན་པའི་འཛུགས་སྐྲུན་གྱི་བསམ་ཕྱོགས་གཞིར་བཟུང་སྟེ། ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་མཉམ་དུ་རྟོག་ཞིབ་གཏིང་ཟབ་དང་ཕྱོགས་བསྡུས་དཔྱད་བསྡུར་བྱས་པའི་རྨང་གཞིའི་སྟེང《མཚོ་སྔོན་ཞིང་ཆེན་གྱི་དམག་ཁོངས་ནས་བུད་པའི་དམག་མིའི་ཞིང་ཆེན་རིམ་པའི་གསོ་སྦྱོང་སྒྲིག་གཞིའི་དཀར་ཆག》ཁྱབ་བསྒྲགས་བྱས་ནས་ལས་ཁུངས67དེ་ཞིང་ཆེན་ཡོངས་ཀྱི་དམག་ཁོངས་ནས་བུད་པའི་དམག་མིའི་ཆེད་བཙུགས་སློབ་གསོ་གསོ་སྦྱོང་སྒྲིག་གཞི་ཡིན་པ་གཏན་འཁེལ་བྱས། 

སྒོ་བྱང་སྤྲད་པའི་མཛད་སྒོའི་སྟེང་། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་ཅུན་ཡོན་མི་ཤུགས་ཐོན་ཁུངས་ཞབས་ཞུ་ཚད་ཡོད་ཀུང་སིའི་འགན་འཁུར་བློ་མཐུན་གྱིས་སྦྱོང་བརྡར་དང་ལེན་སྒྲིག་གཞིའི་ཚབ་བྱས་ཏེ་རྣམ་འགྱུར་གསལ་སྟོན་གྱི་གཏམ་བཤད་བྱས། དམག་ཁོངས་ནས་བུད་པའི་དམག་མིའི་ཚོགས་སྤྱིའི་ཁྱད་ཆོས་དང་ཆེད་ལས་ལག་རྩལ་གྱི་ཆུ་ཚད་ལ་དམིགས་ནས་གསོ་སྦྱོང་སློབ་ཚན་དང་ནང་དོན་བཟོས་ཏེ། ཞིང་ཆེན་ཡོངས་ཀྱི་དམག་ཁོངས་ནས་བུད་པའི་དམག་མིའི་སློབ་གསོ་གསོ་སྦྱོང་དང་ལས་ཞུགས་ལས་གཏོད་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ལག་ལེན་གྱི་ཉམས་མྱོང་མཁོ་འདོན་བྱས་ནས་དམག་ཁོངས་ནས་བུད་པའི་དམག་མིའི་ལས་ཞུགས་ལས་སྐྲུན་གྱི་ནུས་པ་ཆེ་རུ་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་དམག་ཁོངས་ནས་བུད་པའི་དམག་མིའི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།