2021ལོར་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིའི་ལག་བསྟར་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་ཐོ་བཀོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོ་ནི་གཙང་གསུམ་འབྱུང་ཡུལ་གྱི་དུས་ཐེངས་གཉིས་པའི་ལས་གཞི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པའི་ལོ་ཡིན་ལ་མཐའ་མའི་དཔྱད་འདེམས་དང་ཞིབ་བཤེར་རྩིས་ལེན་བྱེད་པའི་ལོའང་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ཆར། 2021ལོར་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིའི་ལག་བསྟར་གྱི་དམིགས་ཚད་འགན་འཁྲིའི་ཡི་གེ་དང་ཏང་སྲོལ་སྲིད་གཙང་འགན་འཁྲིའི་ཡི་གེར་མིང་ཐོ་འགོད་པའི་ཚོགས་འདུ་འཚོགས་ཤིང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིའི་ལག་བསྟར་དམིགས་ཚད་འགན་འཁྲིའི་ཡི་གེར་ཁྱོན་ཡོངས་མིང་ཐོ་བཀོད་པ་རེད། 

ཚོགས་འདུའི་སྟེང་ཟླ7པའི་ཚེས5ཉིན་ཞིང་ཆེན་སྲིད་གཞུང་གི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིར་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། “གཙང་གསུམ་འབྱུང་ཡུལ་གྱི་དུས་ཐེངས་གཉིས་པའི་ལས་གཞི2021ལོའི་རྣམ་གྲངས་འཛུགས་སྐྲུན་དམིགས་ཚད་ལས་འགན”ལ་གསལ་བཤད་དང་བཀོད་སྒྲིག་བྱས།  རྣམ་གྲངས་ལག་བསྟར་བྱ་ཡུལ་ཡུལ་ཤུལ་དང་མགོ་ལོག རྨ་ལྷོ། མཚོ་ལྷོ་སོགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གི་ལས་བགོས་འགན་འཁུར་བློ་མཐུན་གྱིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས་ཚུལ་སྐོར་གྱི་གཏམ་བཤད་སྤེལ། ཞིང་ཆེན་རིམ་པའི་ལས་རིགས་གཙོ་གཉེར་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་དུས་ཐེངས་གཉིས་པའི་ལས་གཞི་ལག་བསྟར་དང་རྣམ་གྲངས་དོ་དམ་སོགས་ཐད་ཀྱི་གཏམ་བཤད་གནང་། ཞིང་ཆེན་སྲིད་གཞུང་གི་བཀའ་མངགས་ལྟར་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་མཐུན་སྦྱོར་ཚོ་ཆུང་གཞུང་ལས་ཁང་གིས་རྣམ་གྲངས་ལག་བསྟར་བྱེད་མཁན་གྱིས་ཁུལ་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་ལ་རྣམ་གྲངས་ལག་བསྟར་གྱི་དམིགས་ཚད་འགན་འཁྲིའི་ཡི་གེ་དང་ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ཡི་གེར་མིང་ཐོ་བཀོད་པ་རེད།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།