མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་པ་དང་། ཚོགས་འདུས་རྒྱལ་ཡོངས་གཞི་རིམ་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བའི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བར་བཀོད་སྒྲིག་ཤུགས་བསྣོན་བྱས། 

ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བསྟུད་མར་བསྡུས་རྒྱུ་ཡིན་པ་དང་། གསོ་སྦྱོང་ཁྲོད་བསམ་བློའི་སྦྱོང་བརྡར་ལ་དོ་སྣང་དང་ཁྱོན་ཡོངས་མ་ལག་གི་སློབ་སྦྱོང་བྱེད་པའི་རྨང་གཞི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་དང་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་གཞི་རིམ་བྱ་བ་དམ་ཟབ་ཀྱི་འབྲེལ་ཡོད་གཞུང་ལུགས་ཞིབ་བརྗོད་གལ་ཆེན་ལ་སློབ་སྦྱོང་དང་བེད་སྤྱོད་ལེགས་པོ་བྱས་ནས། གཞི་རིམ་ལས་བྱེད་པའི་བསམ་བློ་ཆབ་སྲིད་གསོ་སྦྱོང་དང་། དོན་དངོས་གནད་དོན་ཐག་གཅོད་ཀྱི་ནུས་ཤུགས་མཐོ་རུ་གཏོང་རྒྱུ་རེད། ཏང་གཤིས་སྦྱོང་བརྡར་ལ་ཤུགས་བསྣོན་དང་། ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ་དང་སྒྲིག་ལམ་སློབ་གསོར་ཤུགས་བསྣོན། སྒོས་སུ་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་སློབ་གསོར་ཤུགས་བསྣན་ཏེ། རྩ་འཛུགས་ལས་བྱེད་པས་ཉེ་ས་ནས་གསར་བརྗེའི་ཤུལ་བཞག་གནས་རྙིང་དང་རྗེས་དྲན་ཁང་སོགས་སུ་སོང་ནས་ཡུལ་དངོས་སློབ་ཁྲིད་བྱས་ནས། གཞི་རིམ་ཏང་ཡོན་ལས་བྱེད་པས་ཡིད་ཆེས་དང་ཕུགས་འདུན་ཇེ་བརྟན་དང་ཏང་ལ་བློ་དཀར་བ་དང་གཞི་རིམ་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཤུགས་སྣོན་བྱེད་པ། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལེགས་པོར་བཤད་དེ། ཏང་གི་རླབས་ཆེའི་སྲོལ་རྒྱུན་ལེགས་པོར་བརྗོད་པ། ཏང་གི་རྩ་དོན་དང་ཕུལ་བྱུང་སྲོལ་རྒྱུན་སྤྱོད་སྟངས་སློབ་གསོར་ཤུགས་བསྣོན་པ་དང་། དབུལ་ཐར་མཁྲེགས་གཏོར་དང་རིམས་ནད་འགོག་རྒོལ་ཁྲོད་དམངས་ལ་ཞབས་ཞུ་སྒྲུབ་པའི་སྔོན་ཐོན་དཔེ་མཚོན་བེད་སྤྱད་དེ་སློབ་གསོ་སྤེལ་བ། སྲིད་གཙང་སློབ་གསོ་དང་ཆབ་སྲིད་དང་ཀུན་སྤྱོད་སློབ་གསོ་ཤུགས་བསྣན་ནས། ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་ཉེན་བརྡའི་སློབ་གསོ་སྤེལ་དགོས། ཆེད་ལས་སྦྱོང་བརྡར་ལ་དོ་སྣང་བྱས་ཏེ་རོང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པས། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཆེད་ལས་ཅན་གྱི་གསོ་སྦྱོང་ལ་དམིགས་ནས། སྲང་ལམ་གཞིས་སྡེའི་གཞི་རིམ་ལས་བྱེད་པས་བཅོས་བསྒྱུར་འཕེལ་རྒྱས་དང་། དམངས་ཀྱི་ཆེད་དུ་ཞབས་ཞུ་སྒྲུབ་པ་སོགས་ཀྱི་ཆེད་ལས་གསོ་སྦྱོང་ལ་ཤུགས་བསྣོན་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།