མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་སྐྱེ་དངོས་སོག་མའི་ཕྱོགས་བསྡུས་སྤྱོད་ཚད86.9%ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། 2020ལོར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་སྐྱེ་དངོས་གཙོ་བོ་སྟེ་སོག་མའི་ཐོན་ཁུངས་ཏུན་ཁྲི298ཡོད་པ་དང་། བསྡུ་ལེན་བྱེད་ཆོག་པའི་ཐོན་ཁུངས་ཀྱི་ཚད་གཞི་ཏུན་ཁྲི266ཡོད་དེ། བེད་སྤྱོད་བྱེད་ཚད་ཏུན་ཁྲི229ཟིན། སོག་མའི་ཕྱོགས་བསྡུས་སྤྱོད་ཚད86.9%ཟིན་པ་དང་། དེ་ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་ཚེག6.5འཕར་ཏེ། ལོ་འཁོར་གྱི་དཔྱད་ཞིབ་དམིགས་ཚད་ཀྱི85%ཚད་བརྒལ་ངང་ལེགས་འགྲུབ་བྱུང་། 

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཞིང་ཕྱུགས་ལས་ཀྱི་ཟོག་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་གཏོང་བ་དང་། མཚོ་སྔོན་གྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་བླང་བྱའི་འོག་མཚོ་སྔོན་ཞིང་ཆེན་གྱིས“སྐྱེ་ཁམས་སྔོན་ལ་དམིགས་བསལ་དུ་འཛིན་པ་དང་ལྗང་མདོག་ཞིང་ཕྱུགས་ལས་གཉེར་བའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཐཱན་རྩེར་སོན་དང་དང་ཐཱན་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། ཞིང་ལས་སྐྱེ་དངོས་ཀྱི་སོག་མའི་ཐོན་ཁུངས་རྩིས་ཐོ་བཟོ་བའི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།