ཝུའུ་ཧའེ་ཁུན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་གྱིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་འཕེལ་རྒྱས་འཆར་འགོད་དང་སྔོན་རྩིས་ལག་བསྟར། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ཁེ་ལས་འབྲིང་ཆུང་གིས་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ཐད་ཀྱི་ཆེད་དོན་རྟོག་ཞིབ་སྤེལ་བ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ལིས་ཧྲུན་ཧྥུའུ་ཡིས་བཏོན་པའི་མཱེ་ལིས་ཐོན་ལས་ཐད་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བའི་གྲོས་གཞི་ལག་བསྟར་བྱས་པའི་གནས་ཚུལ་གཙོར་བཟུང་ནས་ལྟ་སྒྲུབ་རྟོག་ཞིབ་བྱས།

ཝུའུ་ཧའེ་ཁུན་གྱིས་ནན་གྱིས་བསྟན་དོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཉེན་ཁ་དང་འགྲན་རྩོད་མང་པོར་ཁ་ཕྱོགས་ནས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དཀའ་ངལ་གདོང་གིས་བསུ་བ། ཕན་ཡོད་བྱེད་ཐབས་སྤྱད་དེ། དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་རྩོམ་པར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་པ། རྒྱལ་ནང་ཚོང་རའི་དགོས་མཁོ་ཇེ་ཆེར་འགྲོ་བ་དང་བཟོ་ལས་ཀྱི་འཕེལ་རྒྱས་རྣམ་པ་བཟང་བའི་གོ་སྐབས་དམ་འཛིན་བྱེད་པ། རྒྱུ་རྐྱེན་མཁོ་འདོན་ལ་འགན་སྲུང་བྱེད་པ། ཁེ་ལས་ཀྱི་ད་ཡོད་ཐོན་ནུས་རྒྱ་བསྐྱེད་དེ། དཔལ་འབྱོར་དང་ཁེ་ལས་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་འདེགས་སྐྱོར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། བདེ་འཇགས་གོ་གནས་གསུམ་གྱི་ངོས་འཛིན་ཇེ་དྲག་ཏུ་གཏོང་བ། ས་བཞི་འཛུགས་སྐྲུན་གྱི་བླང་བྱར་དམིགས་པ། རང་ས་ཆའི་ཐོན་ཁུངས་དགེ་མཚན་ལ་རྐང་འཛུགས་པ། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། དེང་རབས་ཀྱི་ཞིང་ཕྱུགས་ལས་དང་གནས་སྐོར་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ནས། མཚོ་ནུབ་ཁུལ་གྱི་གནས་ཚུལ་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།