ཝང་ཡུས་ཡན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་མདེལ་གཉིས་སྐར་གཅིག་གི་ཕུགས་བསམ་དད་སེམས་སློབ་གསོའི་སློབ་གླིང་དང་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། མདའ་བཞི་རྫོང་གི་སྡོམ་མདའ་སྡེ་བར་སོང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཞིང་སྡེ་དར་སྤེལ་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཝང་ཡུས་ཡན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུངས་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུངས་བཤད་དགོངས་པ་སློབ་སྦྱོང་བྱེད་རྒྱུ་དེ་དེང་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། དགོངས་པའི་རྩ་གནད་ལ་གོ་བ་དཔྱིས་ཕྱིན་པ་ལེན་པ་དང་། དངོས་གཉེར་གྱིས་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། ཁོ་མོས་ནན་གྱིས་བསྟན་དོན། སློབ་སྒྲུབ་མ་ལག་ལེགས་སྒྱུར་དང་། ཚན་རིག་ཞིབ་འཇུག་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། དམར་པོའི་རྒྱུད་རྒྱུ་རྒྱུན་འཛིན་བྱས་ཤིང་། རླབས་ཆེན་སྙིང་སྟོབས་དར་སྤེལ། རང་སའི་ཐོན་ཁུངས་སྔོག་འདོན། སྤུས་ལེགས་སློབ་ཁྲིད་གསར་སྐྲུན་བྱས་ནས། གསབ་སྦྱོང་གི་སྤུས་ཀ་མཐོར་འདེགས་སུ་གཏོང་དགོས།  སྡོམ་མདའ་སྡེ་བ་རུ་ཝང་ཡུས་ཡན་གྱིས་སྡེ་བའི་ལོ་རྒྱུས་ཁང་འཛུགས་སྐྲུན་དང་། ཏང་གི་འཛུགས་སྐྲུན་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སྡེ་བ་རིམ་པའི་ཐོན་ལས་གསོ་སྐྱོང་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་ཡར་ཞུ་ལ་ཉན་རྗེས། ཁོ་མོས་ནན་གྱིས་བསྟན་དོན། ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་ནུས་པ་གལ་ཆེན་ཐོན་ཞིང་། ཏང་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་པ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཕན་མཉམ་རྒྱལ་ཡོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྒྱལ་ཁབ་ཀྱི་དོན་ཆེན་དམ་དུ་འཛིན་པ་དང་། ཏང་འཛུགས་དང་སྐྱེ་ཁམས་དོ་སྲུང་དང་། ཏང་འཛུགས་དང་སྐྱེ་ཁམས་ཁྱིམ་གཞིས། ཏང་འཛུགས་དང་སྐྱེ་ཁམས་ཐོན་ལས་སོགས་མཉམ་འབྲེལ་གྱི་རྣམ་པ་འཚོལ་ཞིབ་བྱས་ནས། ཏང་འཛུགས་སྐྲུན་གྱི་རྩ་འཛུགས་ནུས་པ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ནང་སྐྱེས་སྒུལ་ཤུགས་སུ་བསྒྱུར་ནས། དམར་པོའི་ཏང་འཛུགས་ཀྱིས་ལྗང་མདོག་གི་སྐྱེ་ཁམས་ལ་གཞོགས་འདེགས་བྱ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།