ལིས་ཅེ་ཞང་མཚོ་སྔོན་ཞིང་ཆེན་ཐཱན་མེད་ཐོན་ལས་འཕེལ་རྒྱས་དང་། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཆེད་དོན་གྲོས་ཚོགས་ལ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་མགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཐཱན་མེད་ཐོན་ལས་འཕེལ་རྒྱས་དང་། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་ཀྱི་རིག་མཛོད་རྩེ་གྲས་དང་ཇུས་ཆོད་འདྲི་རྩད་ལས་ཁུངས་གདན་ཞུ་བྱས་ནས་བཀའ་འདྲི་དང་ཐབས་འདོན་ཇུས་འགོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ་དང་། ཡུལ་བབ་དང་བསྟུན་པ་དང་ལམ་བཏོད་གསར་གཏོད་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཐཱན་མེད་ཐོན་ལས་གླིང་འཛུགས་སྐྲུན་ལ་འཆར་འགོད་དང་སྐུལ་འདེད་བཏང་ནས་ཐཱན་ཟུང་དམིགས་འབེན་མངོན་འགྱུར་བྱེད་པར་མཚོ་སྔོན་གྱི་ཤེས་རབ་སྐྱེས་སུ་འབུལ་དགོས།

ལིས་ཅེ་ཞང་གིས་བསྟན་དོན། རང་རེའི་ཞིང་ཆེན་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་གོ་གནས་རྒྱལ་ཡོངས་ཀྱི་མཐོ་སར་གནས་ཤིང་། ལྗང་མདོག་གློག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་ཐཱན་མེད་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་པ་ནི་ཐཱན་མེད་དུས་རབས་ཀྱི་ཐོན་ལས་འཕེལ་རྒྱས་གོ་སྐབས་ཀྱི་དམ་འཛིན་བྱས་པ་ཡིན་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཧུར་ཐག་གིས་ཟབ་ཞུགས་བྱས་པ་ཡིན་ཞིང་ཐོན་ལས་སྒྲིག་གཞི་རིམ་འཕར་དང་རྣམ་པ་བརྗེ་བར་སྐུལ་འདེད་གཏོང་བའི་གནད་འགག་ཀྱང་ཡིན་པས། གོ་རྟོགས་སྔར་ལས་ཇེ་མཐོ་དང་འཆར་འགོད་ནན་མོ་བྱེད་པ། མཉམ་འབྲེལ་ལ་ཤུགས་སྣོན་པ་བཅས་བྱས་ནས་ཐཱན་མེད་ཐོན་ལས་གླིང་གི་མགོ་རྩོམ་ས་མཐོ་བའི་འཆར་འགོད་དང་སྤུས་ཚད་མཐོ་བའི་འཛུགས་སྐྲུན། ཆུ་ཚད་མཐོ་བའི་དཔེ་སྟོན་བཅས་ལ་ཁག་ཐེག་བྱེད་དགོས།

ལིས་ཅེ་ཞང་གིས་ནན་གྱིས་བསྟན་དོན། ཐཱན་མེད་དམིགས་འབེན་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་ཇུས་འགོད་རྩེར་སོན་ལ་ཤུགས་སྣོན་དགོས་ལ། སྤུས་ཚད་མཐོན་པོས་ཐཱན་མེད་ཐོན་ལས་གླིང་གསར་སྐྲུན་བྱེད་དགོས། ཤར་ནུབ་མཉམ་འབྲེལ་གྱིས་མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་སྤྱོད་པ་དང་། གླིང་ཁུལ་ཕྱི་ནང་དུ་མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་སྤྱོད་པ་རྒྱུན་འཁྱོངས་བྱས་ནས་ཐོན་ཁུངས་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས། དྭངས་གཙང་ནུས་ཁུངས་གཙང་མ་དང་གསོག་ནུས། ཚྭ་མཚོའི་ཐོན་ལས་ཆེན་པོ་གསུམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐཱན་མེད་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་དགོས། ལག་རྩལ་དང་རྣམ་པ། སྲིད་ཇུས། དངུལ་རྩ་ལྗང་མདོག་ཅན་བཅས་ལ་དམིགས་ཏེ་ཐཱན་མེད་ཐོན་ལས་གླིང་གི་འཕེལ་རྒྱས་ཀྱི་ཀ་བ་བཞི་གསར་སྐྲུན་བྱེད་དགོས། ཅན་ལྔའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་ཐོན་སྐྱེད་རྒྱུན་རྐྱེན་ལྗང་མདོག་ཅན་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་བཟང་བ་དང་ལྗང་མདོག་ཐཱན་ཉུང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།