ཝང་ཅན་ཅུན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གཞུང་སྒྲུབ་ཁང་གི་ཏང་ཀྲི་པུའུ་ཡི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གཞུང་སྒྲུབ་ཁང་གི་ཏང་ཀྲི་པུའུ་ཡི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་དང་དགོངས་དོན་རྟོགས་པར་བྱེད་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་བ་གསར་སྐྲུན་བྱེད་པ་བཅས་བརྗོད་དོན་གཙོ་བོར་དམིགས་ཏེ། མྱོང་ཚོར་བརྗེ་རེས་དང་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་། ཁ་ཕྱོགས་གསལ་བོར་བསྟན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་བཅུ་བའི་ཚན་གཙོ་ཧྲིན་ཁྲོན་པོ་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།

ཚོགས་འདུའི་སྔོན་ལ། ཀྲི་པུའུ་ཡི་ཏང་ཡོན་ལ་སེམས་གཏམ་བརྗོད་པ་དང་གཏམ་གླེང་བྱས་ནས་མི་འདང་ས་བཙལ་ཏེ། ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་ལེགས་སྒྲུབ་བྱེད་པར་གྲ་སྒྲིག་བཟང་བོ་བྱས། ཚོགས་ཐོག་ཏུ་ཏང་ཀྲི་པུའུ་ཡི་འགན་འཁུར་བློ་མཐུན་གྱིས་ལོ་སྟོད་ཀྱི་བྱ་བའི་གནས་ཚུལ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གནས་ཚུལ་ཡར་ཞུ་བྱས་པ་དང་། ཏང་ཀྲི་པུའུ་ཨུ་ཡོན་ཚོགས་འདུའི་ཞིབ་ལྟའི་གནད་དོན་གནས་ཚུལ་ཁྱབ་སྒྲོག་བྱས། ཀྲི་པུའུ་ཏང་ཡོན་གྱིས་བརྗོད་དོན་གཙོ་བོར་དམིགས་ཏེ་གཏམ་བཤད་པ་དང་། ཝང་ཅན་ཅུན་གྱིས་ཚང་མ་དང་མཉམ་དུ་མྱོང་ཚོར་གླེང་བ་དང་བསམ་ཚུལ་བརྗོད་པ། ཁྱད་པར་འཚོལ་བ། ཞིབ་ལྟ་བྱས་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པར་མ་ཟད། ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་དེ་སློབ་སྦྱོང་བརྗེ་རེས་ཚོགས་འདུ་དང་བསམ་བློ་ངོ་འཕྲད་ཚོགས་འདུ། གཏམ་གླེང་ཚོགས་འདུ། ཏང་གཤིས་སྦྱོང་བརྡར་ཚོགས་འདུ། བྱ་བའི་མཐོར་འདེགས་ཚོགས་འདུ་ཞིག་ཏུ་བསྡུ་དགོས་ཞེས་བསྟན།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་ལས་ང་ཚོའི་ཏང་གིས་ལོ་བརྒྱའི་རིང་ལ་དུས་དང་རྣམ་པ་ཀུན་ཏུ་སྤོབས་པ་ཆེན་པོས་དུས་རབས་ཀྱི་རླབས་རྒྱུན་དང་འགྲོགས་པ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་གཞི་རྩའི་ཉམས་མྱོང་དང་སྲིད་འཛིན་རྒྱལ་དར་ཅིས་ཀྱང་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་ཇུས་གཞི་རྒྱས་བཤད་བྱས་པ་དང་། ཏང་ཡོངས་ཀྱིས་འབད་བརྩོན་ཆེན་པོ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་རྒྱུན་འཁྱོངས་ལྔའི་རེ་བ་གལ་ཆེན་ལག་ལེན་བྱེད་པ་ཟུང་འབྲེལ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་པར་མ་ཟད་མུ་མཐུད་དུ་ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་མཐོར་འདེགས་སུ་བཏང་ནས། ཞབས་ཞུ་གསུམ་གྱི་བྱ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་ཚོགས་འདུར་ཞུགས་པར་མ་ཟད་དཔྱད་བརྗོད་གནང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་བཅུ་བའི་ཁོངས་མི་རྣམས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།