ཀྲུང་གོ་དམངས་གཙོ་མནའ་མཐུན་བཙུགས་ནས་ལོ་བརྒྱད་ཅུ་འཁོར་བ་དང་དམངས་གཙོ་མནའ་མཐུན་མཚོ་སྔོན་ས་གནས་རྩ་འཛུགས་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་རྗེས་དྲན་ཚོགས་ཆེན་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གོའི་དམངས་གཙོ་མནའ་མཐུན་བཙུགས་ནས་ལོ་བརྒྱད་ཅུ་འཁོར་བ་དང་དམངས་གཙོ་མནའ་མཐུན་མཚོ་སྔོན་ས་གནས་རྩ་འཛུགས་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་རྗེས་དྲན་ཚོགས་ཆེན་ཟི་ལིང་དུ་བསྡུས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་གྲོས་ཚོགས་སྟེང་ཞུགས་པ་དང་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་ཡིས་ཞིང་ཆེན་གྱི་དམངས་གཙོ་ཏང་ཁག་སོ་སོ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་གྲོས་ཚོགས་ལ་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་མཐུན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། དམངས་གཙོ་མནའ་མཐུན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཟུར་པ་པའོ་དབྱི་ཀྲི་གྲོས་ཚོགས་ལ་ཞུགས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། དམངས་གཙོ་མནའ་མཐུན་མཚོ་སྔོན་ས་གནས་རྩ་འཛུགས་སྤྱི་ལོ་གཅིག་དགུ་ང་གཅིག་ལོར་བཙུགས་པའི་ཚུན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་སྲིད་ཏང་གི་ལས་འགན་ལག་བསྟར་ནན་མོ་བྱས་ལ། མཚོ་སྔོན་གྱི་དཔལ་འབྱོར་དང་ཚན་རིག་སློབ་གསོར་སྐུལ་སྤེལ་གཏོང་བ་སོགས་ལས་རིགས་ཁག་གི་འཕེལ་རྒྱས་ཐད་བྱས་རྗེས་བླ་མེད་བཞག དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་རྒྱ་ཆེའི་དམངས་གཙོ་མནའ་མཐུན་གྱི་ཁོངས་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཐད་བྱས་རྗེས་འཇོག་པར་སྔར་ལས་ལྷག་པའི་སྟོབས་ཤུགས་འབུལ་རྒྱུ་ནི་རེ་བ་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་མུ་མཐུད་དུ་ཀྲུང་གུང་ཀྲུང་དབྱང་གི་སྲིད་ཏང་འཛུགས་སྐྱོང་བྱེད་པའི་འབྲེལ་ཡོད་ཡིག་ཆ་གསུམ་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། དམངས་གཙོ་ཏང་ཁག་གིས་སྔར་ལས་ནུས་ལྡན་གྱི་སྒོ་ནས་རང་འགན་ནན་འཁུར་བྱེད་པ་དང་ནུས་པ་འདོན་སྤེལ་བྱེད་པར་ཆ་རྐྱེན་བསྐྲུན་དགོས།

ཝང་ཞོན་གྱིས་དམངས་གཙོ་མནའ་མཐུན་མཚོ་སྔོན་ས་གནས་རྩ་འཛུགས་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་འཕེལ་རྒྱས་ཀྱི་ལམ་བུར་ཕྱིར་ལྟ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དམངས་གཙོ་མནའ་མཐུན་གྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་དམངས་གཙོ་མནའ་མཐུན་གྱི་ཁོངས་མི་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཁག་མང་བོའི་མཉམ་འབྲེལ་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་དམངས་གཙོ་མནའ་མཐུན་གྱི་རྒན་རབས་པ་རྣམས་ཀྱི་ཆབ་སྲིད་ཕུགས་འདུན་དང་ཆབ་སྲིད་འདུ་ཤེས་བརྟན་སྲུང་བྱེད་དགོས། མཉམ་འབྲེལ་བྱེད་པའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་རླབས་ཆེན་གྱི་དུས་རབས་སྟོང་ཟད་དུ་མི་གཏོང་བར་ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས་ལ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པར་དམངས་གཙོ་མནའ་མཐུན་གྱི་སྟོབས་ཤུགས་འབུལ་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།