མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་གཏེར་ཁའི་ཐོན་ཁུངས་ལྟ་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་གཏེར་ཁའི་ཐོན་ཁུངས་ལྟ་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཞི་ཨན་ཅུའུ་ཡི་ཆེད་མི་གཞོན་པ་ཐང་ཀྲིན་གོ་གཉིས་ཀྱིས་གཏམ་བཤད།

ལིའུ་ཐའོ་ཡིས་བསྟན་དོན། ཐེངས་འདིའི་ལྟ་ཞིབ་ནི་རང་བྱུང་ཐོན་ཁུངས་པུའུ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དང་དངོས་འབེབས་བྱེད་པའི་དངོས་གཉེར་བྱེད་ཐབས་ཤིག་ཡིན་པ་དང་། རང་ཞིང་གིས་རྒྱལ་ཁབ་གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། གཏེར་ཁའི་ཐོན་ཁུངས་ཀྱི་ཞིབ་བཤེར་ཆོག་མཆན་འགོད་པ་དང་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱེད་པའི་གཅིག་སྡུད་སྒོས་ཞིབ་བཤེར་ཚད་ལེན་བྱས་པ་ཡིན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་ཧ་ཅང་མཐོང་ཆེན་བྱེད་དགོས་ལ། འགན་འཁུར་བློ་མཐུན་གཙོ་བོས་ལྟ་ཞིབ་བྱ་བ་སྣ་ཚོགས་བཀོད་སྒྲིག་བཟང་བོ་བྱེད་པ་དང་མཐུན་སྦྱོར་བཟང་བོ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ལྟ་ཞིབ་བྱ་བ་དམ་འཛིན་བྱེད་དགོས་ཟེར།

ཐང་ཀྲིན་གོ་ཡིས་བསྟན་དོན། མཚོ་སྔོན་གྱིས་ལངས་གནས་མཐོར་འདེགས་སུ་བཏང་སྟེ། ཐེངས་འདིའི་གཏེར་ཁའི་ཐོན་ཁུངས་ལ་ལྟ་ཞིབ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། གནད་ས་གཅིག་སྡུད་དང་ཐེངས་འདིའི་གཏེར་ཁའི་ཐོན་ཁུངས་ལྟ་ཞིབ་བྱ་བའི་གནད་ས་གསལ་བོར་ཤེས་པར་བྱེད་དགོས་ལ། ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱས་ནས་གཏེར་ཁའི་ཐོན་ཁུངས་ལྟ་ཞིབ་དང་བཅས་པའི་ལོ་ཧྲིལ་བོའི་ལྟ་ཞིབ་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།