རྫོགས་ལྡན་དབྱར་གྱི་ལང་ཚོ་དཔལ་རྒྱས་པས། ཕྱོགས་བཞིའི་མགྲོན་པོ་ཕེབས་པར་དགའ་བས་བསུ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཟླ་དཀྱིལ་དུ། དབྱར་ཀྱི་དུས་ཚིགས་སླེབས་པས་ས་གཞི་ཀུན་ནི་ཚ་བས་གཟིར་ཡོད་ན་ཡང་། མཚོ་སྔོན་ནི་ཏག་ཏག་ཡུལ་སྐོར་བྱེད་པའི་དུས་ཚིགས་ཡག་ཤོས་སུ་སླེབས་ཡོད། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲི་ཏུའུ7.6ཡིན་པ་དང་། དབྱར་ཀྱི་དུས་འདིར་ཡང་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲི་ཏུའུ17ནས17བར་ཡིན་པས། འདིས་མཚོ་སྔོན་ནི་ཞིབ་འཇུག་སློབ་སྦྱོང་དང་ཡུལ་སྐོར་སྤྲོ་གསེང་བྱེད་ས་གཙོ་ཤོས་སུ་གྱུར་ཡོད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་འཕེལ་རྒྱས་འདུ་ཤེས་སྲ་བརྟན་དང་ལྗང་མདོག་སྐྱེ་ཁམས་བར་སྟོང་ཧུར་ཐག་གིས་རྒྱ་བསྐྱེད་དེ། སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་སྟེ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྒྲིག་ལ་ཕན་འབྲས་གང་ལེགས་ཐོན་ཡོད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་མ་ལག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་གི་སྐྱེ་ཁམས་སྲུང་སྐྱོང་རྣམ་པ་སྔར་བས་མངོན་གསལ་དུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཕུན་སུམ་ཚོགས་པའི་རང་བྱུང་ཡུལ་ལྗོངས་དང་སྤྱི་ཚོགས་ཐོན་ཁུངས་ལ་བརྟེན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་སའི་མིང་བྱང་གསར་འཛུགས་བྱས་ཤིང་། མཚོ་སྔོན་པོ་དང་ཚྭ་མཚོ། སྒྲོ་འར་རི་བོ། མིན་ཡོན་ལོག་དཀར་མེ་ཏོག་སོགས་མཛེས་ལྗོངས་ཁུལ་ནི་ཡུལ་སྐོར་བྱེད་ས་ཚ་ཤོས་སུ་གྱུར་ནས་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད།  །

1.jpg

སྒྲོ་འར་རི་བོའི་འདབས་ཀྱི་འབྲོག་ཁྱིམ།

2.jpg

སྒྲོ་འར་རི་བོས་ལྗང་མདོག་གོས་སྔོན་བཀླུབས་པ།

3.jpg

མདོ་ལ་རི་རྒྱུད་ཀྱི་ནགས་ཚལ་དང་རྣང་མ།

4.jpg

ཨ་མྱེས་སྟོང་སོའི་རི་འདབས།

5.jpg

ཨ་མྱེས་སྟོང་སོའི་རི་རྩེར་དུས་བཞིར་གངས་ཀྱིས་གཡོགས་པ།

6.jpg

ཨ་མྱེས་སྟོང་སོའི་རི་འདབས་ཀྱི་དར་དཀར་ལྟ་བུའི་ལམ་ཕྲན།

7.jpg

མིན་ཡོན་ལོག་དཀར་མེ་ཏོག་གི་རྒྱ་མཚོ།

8.jpg

མཚོ་སྔོན་པོའི་འགྲམ་གྱི་ཆུ་བྱ།

9.jpg

ཏ་ཚེ་ཏན་གྱི་མར་གད་གཡུ་མཚོ། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།