“བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་བརྗོད་དོན་གཙོ་བོའི་བྱེད་སྒོ་ཆེ་གྲས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཏུ་སྤེལ་བ།

src=http___n.sinaimg.cn_sinakd10117_514_w1268h846_20210708_fefb-f17e6ec6feb939f5a1f3f7cbfb7059b1.jpg&refer=http___n.sinaimg.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་དུ་སྡོད་མཁན་བསོད་ནམས་འཚོས་ཞོགས་པ་སྔ་པོ་ནས་ལངས་ཏེ། ཁང་པའི་ཕྱི་ནང་གང་སར་བསྡུ་གསོག་གཙང་མར་བརྒྱབ་རྗེས་འོ་ཇ་དང་ཁ་བཏགས་གྲ་སྒྲིག་བྱས་ནས། དམིགས་བསལ་གྱི་སྐུ་མགྲོན་ཏེ་རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་ཡིའུ་ཨན་སྨན་ཁང་མཆིན་ནད་འཇུ་ལམ་ལྟེ་གནས་ཀྱི་སྨན་པ་ཝང་ཧྲུའུ་ཀྲེན་དང་བཅས་པ་སྒུག་བཞིན་བསྡད། ས་བབ་མཐོ་ཚད་སྨི་3700ལྷག་ཙམ་ཡོད་པའི་སྨར་ཁོག་ཆུ་ངོགས་སུ་པེ་ཅིང་ནས་ཡོང་བའི་སྨན་པ་མང་པོ་ཞིག་དང་སེམས་རྩ་འཁོལ་བའི་བོད་རིགས་ཨ་མ་རྒན་མོ་གཉིས་དམིགས་བསལ་གྱི་བྱེད་སྒོ་ཞིག་བརྒྱུད་ཁོང་ཚོའི་སེམས་པ་གཅིག་ཏུ་སྦྲེལ་ཡོད།

src=http___n.sinaimg.cn_sinakd20210710ac_384_w2048h1536_20210710_5bb9-565940ff614c89f91ffb7bfc07b0fc45.jpg&refer=http___n.sinaimg.jpg

ཟླ་7ཚེས་8ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་མཛུབ་ཁྲིད་བྱས་པའི“བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་མཚོ་སྔོན་མགོ་ལོག་ཏུ་སྐྱོད་པའི་སྤྱི་ཕན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཆེ་གྲས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། རྒྱལ་ཡོངས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་300ཙམ་དང་དེ་བཞིན་དང་བླངས་པ་བརྒྱ་ལྷག་ཙམ་གྱིས་མགོ་ལོག་ཀྲོའུ་རུ་ཡོང་སྟེ། ས་གནས་དེ་གའི་རྫོང་དྲུག་ཏུ་ཡན་ལག་རུ་ཆུང་གི་རྣམ་པའི་ཐོག་ནས་དུས་ཡུན་ཉིན་དྲུག་གི་སྨན་བཅོས་རོགས་སྐྱོར་གྱི་བྱེད་སྒོ་ཆེ་གྲས་ཕྱོགས་ཡོངས་ནས་སྤེལ་ཞིང་། ཡུལ་ནད་བརྟག་ཞིབ་དང་། འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས། གཅེས་སེམས་མཚོན་པའི་ཞལ་འདེབས་འབུལ་བ། སྨན་བཅོས་གསོ་སྦྱོང་། བདེ་ཐང་འཆད་ཁྲིད། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་ཚགས་བཤེར། ཐུམ་འབུའི་ནད་སྐྱོབ་བཅོས་དང་རོགས་སྐྱོབ་སོགས་ལ་དམིགས་ཏེ། སེམས་ནུས་གཅིག་སྒྲིལ་གྱིས་གཞི་ཁྱོན་ཆེ་བའི་གནས་གཏན་འཁེལ་དང་ཁ་ཕྱོགས་གཏན་འཁེལ་གྱི་བདེ་ཐང་གཅེས་སེམས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་བ་རེད།

W020210712333055040541.jpg

ཡུལ་ནད་སྔོན་འགོག་དང་སྨན་བཅོས་ལ་དོ་ཁུར་བྱེད་པ་ནི་ད་རེས་ཀྱི་བྱེད་སྒོའི་ཆ་ཤས་གལ་ཆེན་ཞིག་རེད། རྨ་ཆེན་རྫོང་མི་དམངས་སྨན་ཁང་དུ་གནས་སྐབས་སྦྲ་གུར་ཕུབ་ནས་འོས་འགན་སྨན་བཅོས་བྱེད་པའི་ས་ཚིགས་སུ་ཆ་རྐྱེན་ཅུང་ཞན་རུང་། རུས་ནད་ཚན་ཁག་དང་། བུད་མེད་ཚན་ཁག གྲུམ་བུའི་ནད་འགོག་ཚན་ཁག གསང་རྒྱུད་ཟགས་གཤེར་ཚན་ཁག་སོགས་ཚང་མ་ཡོད། ཉི་འོད་རབ་ཏུ་འཚེར་ནས་ཚ་བ་ཤིན་ཏུ་ཆེ་ཡང་སྨན་པ་ཚོའི་སྨན་བཅོས་བྱེད་སེམས་ལ་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མེད། འདི་ལོ་ལོ་74ལ་སླེབས་པའི་རྒན་མོ་མཚོ་བདེ་སྒྲོལ་མས་རིགས་གཅིག་མཁས་ཅན་གྱི་འཆད་འགྲེལ་ཉན་རྗེས། ཁོང་ཚོའི་ལག་ནས་དམ་པོར་འཇུས་ཏེ་སེམས་འགུལ་རབ་ཏུ་ཐེབས་པའི་ངང“ཁྱེད་ཚོ་ས་ཐག་རིང་པོ་ནས་ཡོང་སྟེ་རིན་མེད་ངང་འོས་འགན་སྨན་བཅོས་བྱས་པ་མ་ཟད། ད་དུང་ང་ཚོར་ནད་རིགས་སྔོན་འགོག་ཤེས་བྱའང་འཆད་ཁྲིད་བྱས་ཏེ་བདེ་ཐང་དང་འོད་སྣང་སྦྱིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།

src=http___www.jiaotongwang.cn_uploads_allimg_210712_12262IZ7-5.png&refer=http___www.jiaotongwang.jpg

པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གསུམ་པའི་སྨན་པ་ཞུས་ཧྥུང་གིས། ང་རང“བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་བྱེད་སྒོར་ཞུགས་ཐེངས་བཞི་པ་ཡིན། “ཡོང་ཐེངས་རེ་རེའི་མྱོང་བ་མི་འདྲ་ནའང་མྱོང་ཚོར་ཟབ་མོ་ཡོང་གི་འདུག མ་གཞི་ད་རེས་ས་མཐོར་མི་འཕྲོད་པ་ཆེ་ཙམ་བྱུང་ཡང་མི་སེར་གྱི་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་མཐོང་སྐབས་ང་ཚོར་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཞིག་ཡོང་གི་འདུག” ཁོང་གིས་གསར་འགོད་པར“ཏང་དང་མི་དམངས་ཀྱིས་ང་ཚོ་གསོ་སྐྱོང་གནང་བས་ཐག་རིང་ལུང་ཁུག་ས་ཁུལ་གྱི་མི་སེར་ཚོར་རང་ནུས་ལྕོགས་ཚོད་ཀྱིས་ལེགས་སྐྱེས་འབུལ་རྒྱུ་ནི་འགན་འཁྲི་དང་གཟི་བརྗིད་ཡིན་ལ་བསམ་བློར་ཞུན་བརྡར་ཐེངས་ཤིག་ཐེབས་པ་དེ་བས་ཡིན”ཞེས་བཤད།

W020210712334252589875.jpg

ཤེས་རྟོགས་བྱུང་བར་གཞིཌ་ན། 2008ལོར་དབུན་ཁྲོན་དུ་ས་ཡོམ་ཆེན་པོ་བརྒྱབ་པ་ནས་ད་བར། “བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་གྱི་བྱེད་སྒོ་ཆེ་གྲས་ཀྱིས་རོགས་སྐྱོར་དང་ལེན་བྱ་ཡུལ་དུ་སྨན་དོན་མི་སྣར་གསོ་སྦྱོང་ཐེངས་800ལྷག་ཙམ་བྱས་པ་དང་། མི་ཐེངས་ཁྲི་5ལྷག་ཙམ་གསོ་སྦྱོང་བྱས་པ། མི་རིགས་ཁག་གི་མང་ཚོགས་ཁྲི་10ལྷག་ཙམ་ལ་བདེ་ཐང་གི་སློབ་གསོ་ཐེངས་710སྤེལ་བ། མི་དམངས་ཤོག་སྒོར་དུང་ཕྱུར་5རི་བའི་དངུལ་དང་དངོས་པོ་ཞལ་འདེབས་ཕུལ་བ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་2000ཙམ་ལ་རིན་མེད་གཤག་བཅོས་དང་སྨན་བཅོས་བྱས་པ། གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་མཁན་དང་ཀླད་རྩ་ཉམས་པའི་ནད་པ་སོགས་ཆིག་སྟོང་ཙམ་རིན་མེད་ངང་སྐྱོབ་བཅོས་བྱས་པ། སྐྱ་གྲིབ་ནད་ཕོག་མཁན་ཁྲི་གཅིག་ཙམ་ལ་སླར་ཡང་འོད་སྣང་སྦྱིན་ཡོད།

W020210712335376424340.jpg

“གོམ་སྟབས་རྗེས་མར། ང་ཚོས་མུ་མཐུད་རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་དང་། ཁྱབ་རྒྱ་ཆེ་རུ་། རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཅས་གཏོང་རྒྱུ་དང་། མི་ཤུགས་དང་ནོར་ཤུགས་དེ་བས་མང་བ་བསྡུ་རུབ་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར། བདེ་ཐང་ཤེས་བྱ་དྲིལ་བསྒྲགས་དང་། གཅོང་ནད་སྔོན་འགོག་ཤེས་བྱ་ཁྱབ་གདལ་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་སྟེ། ཐག་རིང་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་སྲུང་སྐྱོང་བྱས་ནས་མང་ཚོཌ་ཀྱིས་བདེ་ཐང་དང་དྲོ་སྐྱིད་ཚོར་བར་བྱ་རྒྱུ་དང་། བདེ་ཐང་ཀྲུང་གོ་བསྐྲུན་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་དྲུང་ཆེ་ཀྲེན་ཧུང་གིས་འདི་ལྟར་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།