མཚོ་སྔོན་ཞིང་ཆེན་གྱི“མཐོ་གསུམ”སྤྱི་བའི་དོ་དམ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་གྱི་རྣམ་གྲངས་ཞིན་ཧྭ་རུ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “མཐོ་གསུམ”སྤྱི་བའི་དོ་དམ་བྱེད་པའི་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་རྣམ་གྲངས་མཚོ་ཤར་གྲོང་ཁྱེར་ཞིན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་དུ་སྔོན་ལ་ལག་བསྟར་བྱས་ཤིང་། དེས་ཞིན་ཧྭའི“མཐོ་གསུམ”གྱི་ཚད་ལྡན་ཅན་གྱི་དོ་དམ་ཐད་སྲ་བརྟན་གྱི་གོམ་སྟབས་ཤིག་སྤོས་པ་དང་། བདེ་ཐང་དོ་དམ་གྱི་རྣམ་པ་གསར་རྐྱང་འཚོལ་ཞིབ་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་མཚོན་ཡོད།

“མཐོ་གསུམ”སྤྱི་བའི་དོ་དམ་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་དཔེ་སྟོན་ཁུལ་གྱི་རྣམ་གྲངས་གཙོ་བོ་ནི་ཆེད་ཚན་སྨན་པ་དཀའ་བཅུ་པ་དང་། ཚན་ཁག་ཡོངས་ཀྱི་སྨན་པ་དཀའ་བཅུ་པ་དང་མཉམ་དུ“ཆེད་ལས་ཚན་ཁག་ཡོངས་ཀྱི་ཚོགས་པ”བཙུགས་ནས། སྨན་དོན་མི་སྣས“མཐོ་གསུམ”ནད་པའི་ཕྱོགས་བསྡུས་དོ་དམ་ནུས་པ་ཆེ་རུ་བཏང་ནས། སྙིང་ཀླད་ཁྲག་རྩའི་ནད་རིགས་བྱུང་མང་བར་ནུས་པ་ལྡན་པའི་ཚོད་འཛིན་དང་། གཅོང་ནད་འགོག་བཅོས་ཀྱི་ལས་དོན་ལ་ཤུགས་སྣོན། གྲོང་མིའི་བདེ་ཐང་རེ་འདུན་གྱི་ཚེ་ཚད་ཆེ་རུ་གཏོང་བ། ཕྱོགས་ཡོངས་དང་དུས་འཁོར་ཡོངས་སུ་མི་དམངས་ཀྱི་བདེ་ཐང་ལ་འགན་ལེན་བཅས་བྱས་ཏེ།  “བདེ་ཐང་ཀྲུང་གོའི2030”ཡི་འགུལ་སྐྱོད་འཆར་གཞིར་རོགས་སྐྱོར་བྱ་རྒྱུ་རེད།

མགོ་ཚུགས་མཛད་སྒོ་མཇུག་བསྒྲིལ་རྗེས། རྣམ་གྲངས་ཚོགས་པའི་སྨན་བཅོས་འཕྲོད་བསྟེན་ཆེས་མཁས་པའི་རིག་གཞུང་གླེང་སྟེགས་བསྡུས་པ་དང་འབྲེལ། ཞིན་ཧྭ་རྫོང་མི་དམངས་སྨན་ཁང་དུ“མཐོ་གསུམ”སྤྱི་བའི་དོ་དམ་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།