“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས·ལོ་བརྒྱའི་སྙིང་སྟོབས་རྒྱུད་འཛིན་ཞོར་ཚོགས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས14ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་དགེ་འོས་སློབ་ཆེན(“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཞིབ་འཇུག་ཁང་)གྱིས་འགན་སྒྲུབ་གནང་བའི་མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་། ཀྲུང་གོའི་ན་གཞོན་འཇོན་མིའི་གླེང་སྟེགས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས·ལོ་བརྒྱའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཞོར་ཚོགས་བསྡུས་པ་རེད།

“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས·ལོ་བརྒྱའི་སྙིང་སྟོབས་རྒྱུད་འཛིན་གྱི་དམིགས་ཡུལ་ནི“མདེལ་གཉིས་སྐར་གཅིག”གི་བྱ་གཞག་དངོས་སུ་བརྒྱུད་མྱོང་མཁན་དང་ངོ་ཐུག་གདོང་འཕྲད་ཀྱིས“མདེལ་གཉིས་སྐར་གཅིག”གི་གཏམ་རྒྱུད་ལ་ཉན་པ་དང་། ཚན་རྩལ་ལས་བྱེད་པ་རྒན་གྲས་ཚོའི་དཀའ་སྤྱད་འབད་འཐབ་དང་། རང་སྲོག་བློས་གཏོང་བ། གསར་འབྱེད་ཡར་བརྩོན་བཅས་ཀྱི་རླབས་ཆེན་གཤིས་རྒྱུད་ཚོར་ཐུབ་པ་བྱས་ཏེ། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་འབད་འཐབ་བྱེད་པའི་སྙིང་སྟོབས་གསར་པ་འཕེལ་བར་བྱེད་པ། འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པའི་དཔལ་འབྱོར་ཚོང་དོན་པུའུ་ཡི་སྤྱི་ཁྱབ་བཟོ་བཀོད་པ་ཟུར་པ་ཐེན་པང་ཀྲི་སོགས་སྐུ་མགྲོན4ཡིས་ལྟ་ཚུལ་མི་འདྲ་བའི་ཐོག་ནས་ཚོགས་ཞུགས་མི་སྣར་ཁོང་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་ལས་དོན་དབར་གྱི་འབྲེལ་བ་ཟབ་མོ་མཉམ་སྤྱོད་བྱས་པ་མ་ཟད། དུས་རབས་གསར་པའི་ན་གཞོན་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་ལས་དོན་ཁྲོད་ནུས་པ་ཧ་ཅང་ཆེན་པོ་བཏོན་པར་གདེང་འཇོག་གང་ལེགས་བྱས་པ་དང་། དུས་རབས་གསར་པའི་གཞོན་ནུར་རེ་བ་ཆེན་པོ་བཅོལ་ཡོད། མེ་སྒྱོགས་གཉིས་ཀྱི་སྒྲིག་ཆས་ཞིབ་འཇུག་ཁང་གི་མཐོ་རིམ་བཟོ་བཀོད་པ་ཟུར་པ་ཞེ་ཏུང་ཆང་སོགས་ཀྱི་ཆེད་མཁས་པ4ཡིས་དུས་རབས་གསར་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཇི་ལྟར་བྱས་ནས་སློབ་སྦྱོང་དང་དར་སྤེལ་གཏོང་བ་དང་། གཞོན་རབས་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཐད་སྤེལ་རེས་དང་བགྲོ་གླེང་སྔར་བས་ཡག་པོ་བྱེད་པར་སྐུལ་ལྕག་བཏང་ནས་ཡུལ་དངོས་སུ་བཏོན་པའི་དྲི་བར་ལན་བསྐྱོན།

གྲོས་ཚོགས་ནང་ཞུགས་མཁན་གྱི་མཐོ་རིམ་སློབ་གླིང་གི་དགེ་སློབ་ཚོས་གཅིག་རྗེས་གཉིས་མཐུད་ངང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་གསར་བརྗེའི་གཞི་རྒྱུ་དང་བསམ་པའི་གདུང་རྒྱུད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མཐོ་རིམ་སློབ་གླིང་གི་དགེ་སློབ་ཁྲོད“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་བཏང་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་དུས་རབས་ཀྱི་རིན་ཐང་འཚོལ་ཞིབ་གཏིང་ཟབ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས“སྒྲུབ་ཐུབ་པ”གང་ཡིན་ནམ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་། རྩ་བ་བརྟན་འཛུགས་བཅས་བྱེད་པའི་ཐད་མཐོ་སློབ་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། མཐོ་རིམ་སློབ་གླིང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བར་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ལྡན་ཡོད་པའི་ངོས་འཛིན་གནང་།

རྒྱལ་ནང་མཐོ་རིམ་སློབ་གླིང་གི་འབུམ་རམས་པའི་སློབ་མ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལོ་རྒྱུས་ཞིབ་འཇུག་ཚོགས་པས་འོས་སྦྱོར་བྱས་པའི་གཞོན་ནུ་ཤེས་ལྡན་མི་སྣའི་འཐུས་མི། ཞིང་ཆེན་ཕྱི་ནང་གི་ཚོགས་ཞུགས་ཆེད་མཁས་པ་དང་ཤེས་ལྡན་མི་སྣའི་འཐུས་མི་གཞན་དག་སོགས་ཁྱོན་མི80ལྷག་ཞུགས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།