མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་སྒོས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ་དང་སྐབས་བཞི་པའི་བརྗོད་དོན་གཙོ་བོའི་རིག་གཞུང་ལོ་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་སྒོས་སློབ་སྦྱོང་དྲིལ་བསྒྲགས་དང་སྐབས་བཞི་པའི་བརྗོད་དོན་གཙོ་བོའི་རིག་གཞུང་ལོ་ཚོགས་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་མཁས་པ་དང་མཁས་དབང་དག་གིས་བརྗོད་དོན་གཙོ་བོའི་སྙན་ཞུ་ཕུལ་ནས་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་སློབ། འབྲེལ་ཡོད་སྤྱི་ཚོགས་ཚན་རིག་རིགས་ཀྱི་སྤྱི་ཚོགས་རྩ་འཛུགས་དང་དེ་བཞིན་སློབ་ཚོགས་བཅས་ཀྱིས་བགྲོ་གླེང་སྤེལ་རེས་བྱས། གྲོས་ཚོགས་སྟེང་ཕུལ་བྱུང་དཔྱད་རྩོམ་དང་ཕུལ་བྱུང་རྩ་འཛུགས་ལས་ཁུངས་ལ་གཟེངས་བསྟོད་བྱས།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས“བསམ་བློའི་མཛོད”དང“ཇུས་འདོན་ཚོགས་པ”“དྲིལ་བསྒྲགས་རུ་ཁག”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ཞིབ་འཇུག་འཆད་འགྲེལ་གྱི་ལས་དོན་ཡག་པོར་སྒྲུབ་དགོས། གཅིག་ནས་དར་ཆ་བསྒྲེངས་ནས་བླ་སྲོག་བསྐྲུན་པའི་སྲོག་ཤིང་དམ་འཛིན་བྱས་ཏེ་དད་སེམས་ཇེ་བརྟན་དུ་གཏོང་བའི་ཁྲོད་ལངས་ཕྱོགས་མཐོ་རུ་གཏོང་བ། གཉིས་ནས་ཏང་གི་མགོ་ཁྲིད་ཀྱི་རྩ་བ་དེ་མངོན་གསལ་དོད་པོར་བཏང་ནས་ཏང་གཅེས་རྒྱལ་གཅེས་ཀྱི་ཁྲོད་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་བ། གསུམ་ནས་ཐོག་མའི་ཕུགས་འདུན་དང་འགན་འཁྲི་དམ་འཛིན་བྱེད་པའི་གཙོ་རྐང་དེར་དམིགས་ནས་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་རིན་ཐང་མངོན་འགྱུར་བྱེད་པ། བཞི་ནས་ལྟེ་བའི་སྤྱི་ཡོངས་ལ་དམིགས་པའི་གཙོ་གནད་ལ་གཞིགས་ནས་དོན་དངོས་དང་བསྟུན་ནས་ཐབས་འདོན་ཇུས་འབུལ་གྱིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཚོ་སྔོན་དུ་གཞི་ཚུགས་ནས་གྲུབ་འབྲས་ཐོབ་པ་དང་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་གྲུབ་འབྲས་དངོས་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།