ན་གཞོན་ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་མཚོ་སྔོན་དུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ཉིན། ན་གཞོན་ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་བསྡུས་པ་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅིའམ་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོའེ་ཅིན་ཕིན་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།

ཧོའེ་ཅིན་ཕིན་གྱིས་བཞུགས་མོལ་ཚོགས་འདུར་ཞུགས་པའི་ན་གཞོན་ཚན་རིག་པ་ཚོར་རེ་བ་ནན་མོ་བཏོན། ཁོང་གིས་བཤད་རྒྱུར། ན་གཞོན་ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣས་རང་རྒྱལ་གྱི་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་ཁྲོད་སྔ་མཐུད་རྗེས་འཛིན་གྱི་འགག་རྩའི་ནུས་པ་འདོན་གྱིན་ཡོད། ན་གཞོན་སྣེ་ཁྲིད་ཤེས་ལྡན་མི་སྣའི་རྒྱལ་ཁབ་ཀྱི་གནས་ཚུལ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་བསྡུས་པ་ནི་ན་གཞོན་ཚན་རྩལ་སྣེ་ཁྲིད་མི་སྣས་སྔར་ལས་ལྷག་པར་རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་རྟོགས་དང་སྤྱི་ཚོགས་ཤེས་རྟོགས་ལེགས་པོར་བྱེད་པ་དང་། ལྷག་པར་དུ་ལས་ཀའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་ལྷག་པར་ཞུ་བ་དང་། ཆབ་སྲིད་སྣེ་ཁྲིད་ཀྱི་ལྟེ་བའི་དམིགས་འབེན་དེ་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་ཚོགས་པའི་ཁྱད་ཆོས་དང་དགོས་མཁོར་ཟུང་འབྲེལ་གཏིང་ཟབ་བྱས་ཏེ། ཚན་རིག་པའི་སྙིང་སྟོབས་རྒྱུན་འཛིན་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དམིགས་འབེན་གཉིས་ཟུང་འབྲེལ་དམ་ཚགས་བྱེད་དགོས། ན་གཞོན་ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣས་ས་གནས་ཀྱི་ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ཤིང་། ས་གནས་ཀྱི་ཐོན་ལས་དང་ཚན་རྩལ་འཕེལ་རྒྱས། ཤེས་ལྡན་པ་གསོ་སྐྱོང་བཅས་ལ་དམིགས་ནས། ལག་རྩལ་དང་ཤེས་ལྡན་མི་སྣ། གྲངས་གཞི་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་དག་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་ཕྱོགས་པར་ཁྲིད་སྟོན་བྱས་ཏེ། གསར་གཏོད་ཀྱི་སྦྲེལ་ཐག་དང་ཐོན་ལས་འབྲེལ་ཐག་ཐུན་མོང་ཐོག་རྒྱ་ཆེར་གཏོང་བ་དང་། ཐོན་སྐྱེད་དང་སློབ་སྦྱོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཤེས་ལྡན་མི་སྣའི་གསར་གཏོད་གསར་བསྐྲུན་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རིན་ཐང་ཉིས་བརྩེགས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། 

སློབ་མ་ཚོས། “མེས་རྒྱལ་ལ་དགའ་ཞེན་དང་གཏོང་ཕོད་ཆེ་བ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན། མཉམ་ལས་ཤུགས་ཆེནདང་ཡང་རྩེར་འཛེགས་པ”བཅས་ཀྱི“མདེལ་གཉིས་སྐར་གཅིག་”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། སྔོན་བྱོན་པ་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འདུ་ཤེས། འབད་འཐབ་ཀྱི་སྙིང་སྟོབས་བཅས་རྒྱུན་འཛིན་བྱེད་དགོས་པ་དང་། སྔོན་བྱོན་ཚན་རིག་པ་ཚོའི་འཚོལ་ཞིབ་བྱེད་ཕོད་པ་དང་ལག་རྩལ་གྱི་བཀག་སྡོམ་ལས་སྒྲོལ་ཕོད་པའི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས། འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བྱས་རྗེས་འཇོག་རྒྱུ་ཡིན་པར་བསྟན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།