ཨན་ཧུའེ(མཚོ་སྔོན)རིག་གནས་ཡུལ་སྐོར་ཐོན་རྫས་དང་རྣམ་གྲངས་འོས་སྦྱོར་གྲོས་ཚོགས་ཟི་ལིང་དུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ཉིན། 2021ལོའི་ཨན་ཧུའེ(མཚོ་སྔོན)རིག་གནས་ཡུལ་སྐོར་ཐོན་རྫས་དང་རྣམ་གྲངས་འོས་སྦྱོར་གྲོས་ཚོགས་ཟི་ལིང་དུ་འཚོགས། ཨན་ཧུའེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གྲོས་ཚོགས་སྟེང་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན་མིང་རྟགས་འགོད་པའི་མཛད་སྒོར་ཞུགས།

འོས་སྦྱོར་གྲོས་ཚོགས་སྟེང་ཨན་ཧུའེ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ཚོགས་ཞུགས་སྐུ་མགྲོན་ལ་ཨན་ཧུའེ་ཡི་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ་དང་ཁྱད་ལྡན་ལས་རིགས་ཀྱི་རྣམ་པ་གསར་པ་བསྟན་པ་མ་ཟད། ཨན་ཧུའེ་ལྷོ་རྒྱུད་ཀྱི་འཛམ་གླིང་ཤུལ་བཞག་ཡུལ་སྐོར་དང་། ཨན་ཧུའེ་ཅང་གི་སྙན་ངག་ལྟ་བུའི་མཛེས་ལྗོངས་ཡུལ་སྐོར། ཨན་ཧུའེ་བྱང་རྒྱུད་ཀྱི་ལོ་རྒྱུས་རིག་གནས་ཡུལ་སྐོར། ངོ་མཚར་ཆེ་བའི་རི་བོ་ཏ་པིའེ་ཡུལ་སྐོར་སོགས་ཡུལ་སྐོར་ལམ་ཐིག་རྩེ་གྲ་དང་། དེ་བཞིན་ཨན་ཆིང་གྲོང་ཁྱེར་ཐའེ་ཧུའུ་རྫོང་ཧྭ་ཐིང་མཚེའུ་རིག་གནས་དངོས་མང་སྟོན་ཚོགས་ཀྱི་རྣམ་གྲངས་དང་། ཁྲུ་ཀྲོའུ་གྲོང་ཁྱེར་ཤར་རྒྱུད་དང་ཞའོ་ཆི་ལུ་ཧུའུ་ཡུལ་སྐོར་ཕྱོགས་གསར་སྤེལ་རྣམ་གྲངས། ལིའུ་ཨན་གྲོང་ཁྱེར་ཧའོ་ཧྲན་རྫོངསན་ཅཱ་སྡེ་བ”རིག་གནས་ཡུལ་སྐོར་ཆུས་ལས་གཞིའི་རྣམ་གྲངས་དང་། མཱ་ཨན་ཧྲན་གྲོང་ཁྱེར་ཐའེ་ཧུའུ་རྫོང་ཧན་ཧྲན་ལིན་ཅཱ་ཐན་གནའ་རྫས་ཞིབ་འཇུག་རིག་གནས་གསར་གཏོད་གྲོང་རྡལ་གྱི་ལས་གཞིའི་རྣམ་གྲངས་སོགས་ཀྱི་གཙོ་ཆེ་བའི་རིག་གནས་ཡུལ་སྐོར་ཚོང་དོན་ལས་གཞི་ངོ་སྤྲོད་བྱས། ཨན་ཆིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་ས་གནས་ཁྱད་ཆོས་བརྗོད་གཞི་བྱས་ནས། ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་པ་རེད། ཧོང་མའེ་ཟློས་གར་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་བརྗོད་པ་བརྒྱུད། “འབར་མདེལ་གཉིས་གཟེངས་རྟགས”ཀྱི་ཨན་ཆིང་བ་ཏེང་ཅཱ་ཞུན་མཚོ་སྔོན་དུ་ཉིང་རྡུལ་དངོས་ཁམས་ཚོད་ལྟའི་ཉམས་པ་མེད་པའི་མཛད་རྗེས་ལ་བསྔགས་བརྗོད་བྱས། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་སྣེ་ཤན་པའི་མཐུན་ཚོགས་ཀྱིས་ཨན་ཧུའེ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་འབྲེལ་ནས། རིག་གནས་ཡུལ་སྐོར་མཉམ་ལས་འཕེལ་རྒྱས་ཀྱི་མདུན་ལམ་སོགས་འོས་སྦྱོར་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཨན་ཧུའེ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་རྗེས། ཕྱོགས་གཉིས་ཀས་རིག་གནས་ཤེས་ལྡན་མི་སྣ་གསོ་སྦྱོང་ལ་སྔར་བས་ཤུགས་སྣོན་དང་། སྤྱི་པའི་རིག་གནས་སྤེལ་རེས་ལ་ཤུགས་སྣོན། རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་ཐོན་ལས་མཉམ་ལས་འོས་སྦྱོར་བྱེད་པ། རིག་གནས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་རིག་གནས་དང་ཡུལ་སྐོར་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ། རིག་གནས་དང་ཡུལ་སྐོར་གྱི་སྲིད་འཛིན་ཁྲིམས་འཛིན་གྱི་མཉམ་སྒྲུབ་ལམ་སྲོལ་འཛུགས་པ་བཅས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།