རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཡི་རྟོག་ཞིབ་ཚོ་ཆུང་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་ཆེད་དོན་རྟོག་ཞིབ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན་ནས་ཚེས9ཉིན་བར། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཡི་ཅུས་ཀྲང་གཞོན་པའམ་ཏང་ཙུའུ་ཡི་ཁོངས་མི་ཝང་ཡུང་ཧུང་གིས་སྣེ་ཁྲིད་པའི་རྟོག་ཞིབ་ཚོ་ཆུང་མཚོ་སྔོན་ཞིང་ཆེན་དུ་ཆེད་དོན་རྟོག་ཞིབ་བྱེད་པར་སླེབས། རྟོག་ཞིབ་ཚོ་ཆུང་གིས《སྲིད་འཛིན་ལས་དོན་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་།  སྲིད་འཛིན་ལས་དོན་ལས་ཁུངས་ཀྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་སྤྱོད་རླངས་འཁོར་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་ཤིང་། ཞིང་ཆེན་དང་གྲོང་ཁྱེར(ཁུལ)གྱི་ལས་ཁུངས་ལས་དོན་དོ་དམ་སྡེ་ཁག་དང་བཞུགས་མོལ་བྱས། 

ཝང་ཡུང་ཧུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་བསྟན་དོན། 《སྲིད་འཛིན་ལས་དོན་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་སྲོལ་ཡིག》ནི་རང་རྒྱལ་གྱི་སྲིད་འཛིན་ལས་དོན་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་གྱི་སྲིད་འཛིན་ཁྲིམས་སྲོལ་དང་པོ་ཡིན། 《སྲོལ་ཡིག》ནང་བཏོན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ《སྲོལ་ཡིག》གི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་དོན་ཚན་སོ་སོའི་ནང་དོན་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས། དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ནན་འཛིན་ཡག་པོ་བྱེད་དགོས། གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་བསྒྱུར་བྱས་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། གཞུང་སྤྱོད་རླངས་འཁོར་གྱི་སྒྲིག་ཁོངས་དང་ཚད་གཞི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་གཞུང་དོན་ཕྱིར་སྐྱོད་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྣེ་ཁྲིད་དེ“འཚོ་བ་དམ་པོ་སྐྱེལ་བའི”བླང་བྱ་ལག་བསྟར་བྱེད་པ་དང་། རྒྱུ་ནོར་དོ་དམ་རྨང་གཞིར་བྱེད་པའི་གཅིག་གྱུར་དོ་དམ་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། ལས་ཁུངས་ཀྱི་འཁོར་རྒྱུག་མ་རྩ་ཇེ་དམའ་རུ་གཏོང་བ། ཞབས་ཞུའི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།