མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་འགྲན་རིམ་གསུམ་པ་ཁྲི་ཀར་ཐོན།

WechatIMG364.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས13ཉིན།  2021ལོའི་ཐེན་ཡོའུ་ཏི་རྟགས་མའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉི་ཤུ་པའི་འགྲན་རིམ་གསུམ་པ་ཧུའུ་ཀྲུའུ་རྫོང་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཙོང་ཁ་ལབ་ཙེ་ཆེན་མོ། སྐྱ་ལོག་དང་ཚེ་མགུ་མཁར་ཐོག  ཨ་སྐུང་སྡེ་བ་བཅས་བརྒྱུད་ནས་ཁྲི་ཀ་རྫོང་དུ་ཐོན་ཡོད་ལ། ཐེངས་འདིའི་འགྲན་སྡུར་གྱི་སྤྱིའི་ལམ་ཐིག་གི་རིང་ཚད་སྤྱི་ལེ162ཡིན། 

WechatIMG362.jpeg

འགྲན་རིམ་འདིར་ཨང་དང་པོ་མཚོ་སྔོན་ཐེན་ཡིའུ་ཏེ་རུ་ཁག་གི་འགྲན་ཞུགས་ཨང་རྟགས22པ་ཝང་ཅན་ཚའེ་དང་། ཨང་གཉིས་པ་མཚོ་སྔོན་ཐེན་ཡིའུ་ཏེ་རུ་ཁག་གི་འགྲན་ཞུགས་ཨང་རྟགས26པ་ཡོན་ཀྲན་ཧུའེ། ཨང་གསུམ་པ་ནི་ཀྲུང་གོའི་ཞི་ཏི་ཧྲིན་རླངས་འཁོར་རུ་ཁག་གི་འགྲན་ཞུགསཨང་རྟགས162པ་ཧྲའོ་ཅོན་ཆི་ལ་ཐོབ། 

WechatIMG363.jpeg

སང་ཉིན་སྔ་དྲོའི་དུས་ཚོད10དང་སྐར་མ50སྟེང་ཁྲི་ཀ་རྫོང་ནས་ཚལ་རྔ་འགག་གི་ཕྱོགས་སུ་རྒྱུག་མགོ་བརྩམས་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།