མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ། རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ཤིང་། འབྲེལ་ཡོད་ལས་དོན་སྙན་ཞུ་གསན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་མགོ་འཛིན་གནང་།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཅིག་པ། “བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ། ཧྥ་རན་སེ་དང་འཇར་མན་གྱི་མགོ་ཁྲིད་པ་དང་བརྙན་ལམ་དབུ་ཚོགས་འཚོགས་པ། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་མགོ་ཁྲིད་པའི་དབུ་ཚོགས་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་སྟངས་འཛིན་བྱས་ཏེ་དུས་རབས་ཀྱི་འཕེལ་རྒྱས་དང་འཐབ་ཇུས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ལངས་ཏེ། “ཁྱོན་ཡོངས་གཉིས”བློར་ཤོང་བའི་མིག་རྒྱང་ལ་བརྟེན་ནས། ཀྲུང་གོའི་གུང་ཁྲན་ཏང་གི་སྲིད་སྐྱོང་འདུ་ཤེས་དང་དམིགས་ཡུལ་གནས་ས། རིན་ཐང་གཉེར་ཕྱོགས། དམིགས་འབེན་བརྩོན་གཉེར་བཅས་འཆད་འགྲེལ་བྱས་ཡོད་ལ། འཐབ་ཇུས་ཀྱི་བསམ་གཞིགས་དང་རྩོད་སྒྲུབ་ཀྱི་བསམ་གཞིགས། མ་ལག་གི་བསམ་གཞིགས། གཞི་ཐིག་གི་བསམ་གཞིགས་བཅས་ཀྱིས་ཁེངས་ཤིང་། ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། རིག་གཞུང་རང་བཞིན། ལག་ལེན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན། གསུང་བཤད་གལ་ཆེན་དེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བརྗོད་བྱ་གཙོ་བོར་དམིགས་ནས། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་གཙོ་རྐང་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཏོད་པའི་འགྲོ་ལམ་བརྟན་སྲུང་བྱས་ནས། ཀྲུང་གོས་ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་མཐའ་འཁྱོངས་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་ངང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུར་ལེགས་སྐྱེས་ཕུལ་བ་མཚོན་ཡོད། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མཚོ་སྔོན་དུ་རྩ་བ་བརྟན་པོར་ཚུགས་པར་ཁག་ཐེག་བྱེད་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། “མགོ་ཁྲིད་གཙོ་བོ”དང་མགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་ལག་བསྟར་བྱས་པའི་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བརྡ་རྟགས་གསལ་པོ་ཞིག་རེད། དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་ཏན་བྱེད་པ་དང་། “མགོ་ཁྲིད་གཙོ་བོའི”མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་ལ་སྣེ་ཁྲིད། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་ཡག་པོ་སྒྲུབ་ནས་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས། སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་སྐོར་དང་པོའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་ཆ་ཚང་བར་མིག་དཔེར་བཟུང་ནས་། སློབ་གསོ་དག་ཐེར་སྐོར་གཉིས་པ་བརྟན་བརླིང་ངང་མགོ་འཛུགས་པར་སྐུལ་འདེད་བཏང་སྟེ། སློབ་གསོ་དག་ཐེར་གྱི་ཕན་འབྲས་དེ་སྲིད་ཁྲིམས་ལས་དོན་ཡག་པོར་སྒྲུབ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ནས་ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྲིད་ཁྲིམས་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས། ཏང་ཨུའི་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་འགན་ནུས་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་བཤེར་གྱི་ངེས་གནས་མངོན་གསལ་དུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དང་དམིགས་ཚད་ཕྱོགས་སྟོན། འབྲས་བུའི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་རྒྱུར་ཁག་ཐེག་བྱེད་དགོས། 

གྲོས་ཚོགས་ཀྱིས་ཟླ7པའི་ཟླ་སྨད་དུ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུ་རྒྱུ་ཐག་བཅད།

ཚོགས་འདུའི་ཐོག་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་ཅང་སུའུ་དང་ཀྲེ་ཅང་དུ་སློབ་སྦྱོང་བྱེད་པར་བསྐྱོད་པའི་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི”ཡི་རྩིས་བཤེར་ལས་དོན་འཕེལ་རྒྱས་འཆར་འགོད》སོགས་ལ་གྲོས་ཞིབ་བྱས་པ་དང་། དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།