ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་དམིགས་ནས་ཆེད་དོན་བགྲོ་གླེང་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའང་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།
ཚོགས་འདུའི་ཐོག ལི་ཅེ་ཞང་དང་ཝང་ལི་མིང་། དབྱང་ཀྲི་ཝུན། ཝང་ཏིང་པང་བཅས་ཀྱིས་གཏམ་བཤད་བྱས་པ་དང་། ཏང་ཙུའུ་ཡི་བློ་མཐུན་གཞན་དག་གིས་ཡིག་ཐོག་ནས་གཏམ་བཤད་ཡིག་ཆ་ཕུལ།
ཚོགས་འདུའི་ཐོག་བསྟན་དོན། དུས་རབས་གསར་བར་སླེབས་པའི་སྐབས་འདིར། ཏང་གི་རླབས་ཆེན་གཟི་བརྗིད་དེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། རང་རྟོགས་རང་སྟོབས་དང་དྲང་བཞག་གསར་གཏོད་བྱས་ཏེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་བཏོད་པའི་སྟེང་མངོན་ཡོད་ལ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་ནས་ཀྲུང་ཧྭའི་ས་གཞི་ཆེན་མོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལྡོག་པ་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཐོག་མངོན་ཡོད། རྒྱང་སྐྱོད་ལམ་བུ་གསར་བའི་ཐོག་ཏང་གིས་ངེས་པར་ཁྱོན་ཡོངས་ལ་མགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ“འདུ་ཤེས་བཞི”མཐོར་འདེགས་དང“ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་དང་། “རྒྱལ་ཁབ་སྟོབས་ཆེན་བསྐྲུན་མཁན”བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་མཚོ་སྔོན་གྱི་བྱ་བཞག་སྔར་ལས་ལེགས་པར་སྒྲུབ་དགོས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། བསམ་བློའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དུས་རབས་གསར་བར་འཛུགས་པ་དང་། བརྗིད་ཆེའི་དགོངས་པས་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དེ་མདུན་སྐྱོད་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཕྱོགས་སུ་སྐྱོད་པར་ཁྲིད་སྟོན་བྱེད་དགོས། སྔར་བས་རང་རྟོགས་དང་གཏིང་ཟབ། ཁྱོན་ཡོངས། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་གྲུབ་འབྲས་ཀྱིས་སྔར་བས་ལེགས་པའི་སྒོ་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་དུ་བསྒྱུར་དགོས། རྒྱལ་ཁབ་སྟོབས་ཆེན་བསྐྲུན་མཁན་ལ་བློ་སེམས་ཞིབ་མོས་མྱོང་ཚོར་བྱས་ཏེ་འགན་འཁྲི་འཁུར་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་འགན་འཁྲི་ཨང་དང་པོ་དེ་སེམས་ལ་ངེས་པ་དང་། ཕྲག་ཏུ་འཁུར་ཞིང་ལག་ཏུ་དམ་པོར་འཛིན་དགོས། མི་དམངས་ཀྱི་ལངས་ཕྱོགས་ལ་བློ་སེམས་ཞིབ་མོས་མྱོང་ཚོར་བྱས་ཏེ་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་འཕེལ་རྒྱས་དོ་མི་མཉམ་ཞིང་འཐུས་ཚང་མིན་པའི་གནད་དོན་དང་མི་དམངས་མང་ཚོགས་དཀའ་ཉེན་ལ་ཐུག་ཅིང་སེམས་ཁྲལ་བྱེད་ལ། རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་པར་ཤུགས་བརྒྱབ་ཏེ། ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་སྔར་ལས་མངོན་གསལ་དོད་པོ་ཡོང་བར་བྱ་དགོས། རང་ཉིད་གསར་བརྗེ་བྱེད་པར་བློ་སེམས་ཞིབ་མོས་མྱོང་ཚོར་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བླང་བྱ་མུ་མཐུད་དུ་དོན་འཁྱོལ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་དེ་དུས་རབས་གསར་བའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཁྱད་ཆོས་མངོན་གསལ་ཞིག་ཏུ་གྱུར་བ་དང་། རླབས་ཆེན་གྱི་རང་ཉིད་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱ་རྒྱུ་དེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་གྱི་ཁྱད་ཆོས་མངོན་གསལ་དོད་པོར་གྱུར་ཡོད། ཁྱོན་ཡོངས་ནས་ཏང་ནན་ཀྱིས་སྐྱོང་བའི་ནམ་ཡང་རྫོགས་དུས་མེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་བ་ཐོབ་པ་བྱེད་དགོས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་བཞི་བ་འཚོགས།