ད་ལོར“སྤྲིན་ལམ་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུ”འཛུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དེང་རབས་ཀྱི་དྲ་རྒྱའི་བརྒྱུད་བསྒྲགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་དགོས་མཁོ་དང་འཚམ་པར་བྱ་ཆེད། ད་ལོའི་མཚོ་སྔོན་ངོ་འཕྲད་གྲོས་མོལ་འདུ་ཚོགས་ཀྱིས་མུ་མཐུད་དུ“དྲ་ཐོག་དང་ཡུལ་དངོས”ཟུང་འབྲེལ་བྱ་རྒྱུ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི“སྤྲིན་ལམ་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི”ཚོགས་ར་གཙོ་བོས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ(ས་ཁུལ)ཀྱི་འཐུས་མི་དང་ཁེ་ལས་རྣམས“སྤྲིན་ལམ་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུ”ནང་ཞུགས་པར་གདན་ཞུ་བྱ་རྒྱུ་ཡིན་ལ། ཞིང་ཆེན་ཕྱི་ནང་གི་ཁེ་ལས་གྲགས་ཅན་ཚོགས་ར་གཙོ་བོར་གདན་དྲངས་ནས་དྲ་སྦྲེལ་ལག་རྩལ་དང་འབྲེལ་ཡོད་སྨྱན་སྦྱོར་ལས་སྟེགས་ལ་བརྟེན་ནས། པར་རིས་དང་ཡི་གེ བརྙན་ལམ་སོགས་ལ་བརྟེན་ནས་གཙོ་གནད་ཐོག་ཁེ་ལས་ངོ་སྤྲོད་དང་ཐོན་རྫས་འོས་སྦྱོར། ཚོང་ལས་གོ་སྐབས་ངོ་འཕྲད་གྲོས་མོལ་བཅས་བྱ་རྒྱུ་དང་། བྱེད་སྒོ་གཙོ་བོ་དག་དྲ་རྒྱར་ཐད་གཏོང་བྱས་ནས་ཁེ་ལས་ལ་སྦྲེལ་མཐུད་ལས་སྟེགས་བཏོད་དེ་ཁེ་ལས་ཀྱི་ཚོང་གཉེར་ཐབས་ལམ་རྒྱ་བསྐྱེད་པར་རོགས་སྐྱོར་བྱ་རྒྱུ་རེད།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།