2021ལོའི་ཟི་ལིང་རྨ་ཙོང་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཟླ7པའི་ཚེས14ཉིན་མགོ་རྩོམ་རྒྱུ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན། གསར་འགོད་པས2021ལོའི་ཟི་ལིང་རྨ་ཙོང་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2021ལོའི་ཟི་ལིང་རྨ་ཙོང་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཟླ7པའི་ཚེས14ཉིན་ནས་ཚེས17ཉིན་བར་ཟི་ལིང་དུ་འཚོགས་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། བྱ་འགུལ་གྱིས་རྨ་ཙོང་བཞུར་རྒྱུད་ཀྱི་ཡུལ་སྲོལ་རོལ་མྱོང་བྱས་ཏེ་བདེ་སྐྱིད་ཟི་ལིང་གི་ཡུལ་སྐོར་བྱེད་པ་བརྗོད་དོན་དུ་བཟུང་སྟེ། ཐོན་ཁུངས་ལེགས་ཆ་གཏིང་ཟབ་གཅིག་སྡུད་བྱས་ནས་སྤུས་ཚད་མཐོ་བ་དང་སྣ་མང་རང་བཞིན། མང་ཚོགས་རང་བཞིན་བཅས་འབུར་ཏུ་བཏོད་དེ། ནང་དོན་དང་ཁྱད་ཆོས། རྣམ་པ་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་བྱ་འགུལ་བཀོད་སྒྲིག་བྱེད་རྒྱུ་རེད།

2021ལོའི་ཟི་ལིང་རྨ་ཙོང་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་མགོ་རྩོམ་མཛད་སྒོ་སྟེ་མཚོ་སྔོན་ས་གནས་ཀྱི་ཁྱད་ལྡན་ཕུལ་བྱུང་ཟས་རིགས་འགྲེམ་སྟོན་དང་སྐབས་བཞི་བའི་ཟི་ལིང་ཟས་རིགས་དུས་ཆེན་གྱི་མཛད་སྒོ་དེ་ཟླ7པའི་ཚེས14ཉིན་ཐང་ཏའོ637དུ་སྤེལ་རྒྱུ་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་སོ་སོའི་ཡན་ལག་ཟས་རིགས་སྲང་ལམ་དུ་དུས་མཉམ་ངང་མགོ་རྩོམ་རྒྱུ་ཡིན་ལ། སྐབས་དེར་གྲོང་མི་དང་ཡུལ་སྐོར་པ་རྣམས་ཀྱིས་ས་གནས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རིག་རྩལ་འཁྲབ་སྟོན་ལ་བལྟས་ཆོག་པ་མ་ཟད། ཟས་རིགས་སྲང་ལམ་དུ་མཚོ་སྔོན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་ཟས་རིགས་ལ་རོལ་མྱོང་བྱས་ཆོག །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།