མཚོ་སྔོན་གྱིས་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་ཀྱི་ལོ་གསུམ་འགུལ་སྐྱོད་ཀྱི་ལས་འགན་དོན་འཁྱོལ་གྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་གྱི་ལོ་གསུམ་གྱི་འགུལ་སྐྱོད་ཀྱི་ལས་འགན་དོན་འཁྱོལ་ཡུལ་དངོས་སྐུལ་འདེད་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲེང་ཀྲང་གཞོན་པ་ཝང་ལི་མིང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 

ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ནས་བཟུང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་སྐོར་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོ། ཞིང་ཆེན་ཁོངས་གཏོགས་ཀྱི་མ་འཇོག་ཁེ་ལས་བཅས་ཀྱིས་ལས་འགན་ཞིབ་ཕྲ་བཟོས་པ་དང་། འགན་འཁྲི་ཁ་གསལ་བཟོས་པ། སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་ལ་སྣང་ཆེན་དང་དོན་འཁྱོལ་ལ་ཤུགས་སྣོན་བཅས་བྱས་ནས་བཅོས་བསྒྱུར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོ། ཞིང་ཆེན་ཁོངས་གཏོགས་ཀྱི་མ་འཇོག་ཁེ་ལས་བཅས་ཀྱིས་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་གྱི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཇུས་གཞིའི་ལས་འགན་དང་བླང་བྱར་དཔེ་བསྡུར་ཚད་བསྡུར་བྱས་ཤིང་། འགན་འཁྲི་སྔར་བས་ཏན་ཏིག་གིས་སྒྲུབ་པ་དང་ཞན་ཆ་དང་སྐྱོན་ཆར་ཁ་གསབ་བྱེད་པ་བཅས་བྱས་ནས། བཅོས་བསྒྱུར་བྱ་ཐབས་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་དགོས།  གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ནས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བསམ་བློར་བརྟེན་ནས་བཅོས་བསྒྱུར་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་སྤེལ་དགོས། ཉེན་ཁ་འགོག་ཟོན་དང་ཉེན་ཁ་སེལ་ཐབས་བྱས་ནས་གཞུང་ཁོངས་རྒྱུ་ནོར་གྱི་སྤུས་ཚད་དང་ཕན་འབྲས་མུ་མཐུད་མཐོ་རུ་གཏོང་དགོས། ལྟ་ཞིབ་དང་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ཅིང་ལས་འགན་རྩིས་ཐོ་ཁ་གསལ་བཟོས་ནས་བཅོས་བསྒྱུར་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་ཐུབ་པར་ཁག་ཐེག་བྱེད་དགོས། 

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་དོན་འཁྱོལ་ལ་སྣང་ཆེན། ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་བཅོས་བསྒྱུར་དོན་འཁྱོལ་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། ཆ་རྐྱེན་བཟང་པོ་བསྐྲུན་ནས་ལས་ཕྱོད་ཆེ་བའི་ཞབས་ཞུར་བརྟེན་ཏེ་ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གསར་གཏོད་ནུས་པ་ཐོབ་པ་བྱེད་དགོས། ཁོར་ཡུག་བཟང་པོ་བསྐྲུན་ནས་ཁེ་ལས་ཀྱིས་བློ་ཁོག་ཆེན་པོས་གསར་གཏོད་བྱེད་པར་བསྔགས་སྐུལ་བྱེད་པ་དང་གནས་ཀྱིས་ཁྱོན་འཁྲིད་དེ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། 

ཚོགས་འདུའི་ཐོག་ད་དུང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་མི་ཐོན་པ་བྱ་རྒྱུ་སོགས་ཀྱི་ཐད་བཀོད་སྒྲིག་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།