མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྐབས་ཉི་ཤུ་པའི་འགྲན་བསྡུར་གྱི་མགོ་བརྩམས་པ།

3f643894-61fd-4b32-9e88-968ff2229408.tif.jpg

པར་འདི་ནི་འགྲན་ཞུགས་པས་འགྲན་བསྡུར་ཁྲོད་ལྕགས་རྟ་བཞོན་ནས་སྐྱོད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས11ཉིན2021ལོའི“ཐེན་ཡོའུ་ཏི་རྟགས་མའི”མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉི་ཤུ་པ་ཟི་ལིང་གྲོང་ཁྱེར་དུ་རྒྱུག་མགོ་བརྩམས་པ་དང་། ཉིན་དེར་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉི་ཤུ་པའི་འགྲན་རིམ་དང་པོ་ཟི་ལིང་སྐོར་བའི་འགྲན་བསྡུར་ཡིན། འགྲན་རིམ་དང་པོའི་སྤྱིའི་རིང་ཚད་ལ་སྤྱི་ལེ109ཡོད་པ་དང་བདེ་ལམ་གྱི་མཐའ་མའི་གདོང་མཆོང་འགྲན་རིམ་ཡིན་ལ། མགོ་རྩོམ་ས་ཚིགས་དང་མཇུག་སྒྲིལ་པའི་ས་ཚིགས་ཚང་མ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཟི་ལིང་ཧེ་ཧུའུ་ལུས་རྩལ་ལྟེ་གནས་ཡིན།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།