མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས2020ལོར་སྲིད་ཇུས་གལ་ཆེན་དངོས་འབེབས་དང་དངོས་སྒྲུབ་ཕན་འདོན་ལེགས་པར་བཟུང་བ་མངོན་གསལ་ཡིན་པའི་ས་ཁུལ་དང་ལས་ཁུངས་ལ་གཟེངས་བསྟོད་སྐུལ་ལྕག་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་ཉེ་ལམ་བརྡ་ཁྱབ་འགྲེམ་གཏོང་གནང་དོན། 2020ལོར་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས་སྐུལ་འདེད་བྱས་པ་དང་། འགག་སྒྲོལ་ཆེན་མོ་གསུམ་གྱི་འཐབ་ཇུས་ལེགས་པར་སྒྲུབ་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་པ་སོགས་འབྲེལ་ཡོད་སྲིད་ཇུས་གལ་ཆེན་དངོས་འཛིན་དངོས་སྒྲུབ་དང་གྲུབ་འབྲས་མངོན་སུམ་བླངས་པའི་ས་ཁུལ34དང་ལས་ཁུངས5བཅས་ལ་གཟེངས་བསྟོད་སྐུལ་ལྕག་གནང་བ་དང་། དེར་འབྲེལ་གྱི་སྐུལ་ལྕག་རྒྱབ་སྐྱོར་བྱེད་ཐབས་ཁག13ལག་བསྟར་བྱེད་རྒྱུ་རེད། 

བརྡ་ཁྱབ་ནང་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ལག་བསྟར་བྱེད་པའི་ལོ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པར་སྐྱོད་མགོ་བརྩམས་པའི་ལོ་དང་པོ་ཡིན། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་། དེ་མིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། མཚོ་སྔོན་དུ་ཕེབས་ནས་རྟོག་ཞིབ་གནང་བ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག བརྟན་ཐོག་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་རྐང་འཛུགས་པ་དང་། ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ཏུ་བསྟར་བ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གསར་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས་ལ། ཏན་ཏིག་སྒོས“བརྟན་འཇགས་དྲུག”གི་བྱ་བ་བཟང་པོར་སྒྲུབ་པ་དང“འགན་སྲུང་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་དོན་ཆེན་ལ་ཁོང་དུ་བཅངས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ས་ཁུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གསར་སྐྲུན་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས། འགན་འཁྲི་ཐེག་ཕོད་པ་དང་རང་འགུལ་གྱིས་བྱས་འབྲས་ཡོད་པར་བྱེད་པ། དངོས་འབེབས་འཛིན་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ། རྣམ་པ་རང་ལུགས་དང་དཔོན་ཉམས་རང་ལུགས་ཤུགས་ཀྱིས་བསྡམས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ལེགས་པར་རྩོམ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཐེངས་འདིར་གཟེངས་བསྟོད་སྐུལ་ལྕག་གནང་བའི་ས་གནས་དང་ལས་ཁུངས་ཀྱི་མིང་ཐོ་ལ་ཚོ་ཆུང13ཡོད། ལོ་འཁོར་གྱི་གཏན་འཇགས་རྒྱུ་ནོར་དངུལ་གཏོང་དམིགས་འབེན་ལས་འགན་ཚད་བརྒལ་ངང་ལེགས་འགྲུབ་བྱས་པ་ལ་མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། ཞིང་ཆེན་ཐོན་ཁུངས་ཅུའུ། ཞིང་ཆེན་སྡོད་ཁང་མཁར་ཤང་འཛུགས་སྐྲུན་ཐིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་བཅས་ཡོད། འཐབ་ཇུས་རང་བཞིན་གྱི་གསར་བྱུང་ཐོན་ལས་གསོ་སྤེལ་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་སྤོ་སྒྱུར་ཕན་འབྲས་མངོན་སུམ་ཡིན་པ་ལ་ཀན་ཧུ་བཟོ་ལས་གླིང་ཁུལ་དང་། ཏཱ་ཚའེ་ཏན་སྲིད་ཨུ་གཉིས་ཡོད། དཀའ་ངལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་རོགས་སྐྱོབ་བྱ་བའི་དཔྱད་ཞིབ་ཕུལ་བྱུང་ས་ཁུལ་ལ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་ཁུལ། མགོ་ལོག་ཁུལ། མཁར་བྱང་ཁུལ་དང་། མཁར་དཀྱིལ་ཁུལ། ཏ་ཐུང་རྫོང་། ཕིན་ཨན་ཆུས། ལི་ཏུའུ་ཆུས། ཧུའུ་ཀྲུའུ་རྫོང་། གཏེར་ལེན་ཁ་གྲོང་ཁྱེར། ཏུའུ་ལན་རྫོང་། ཞིན་ཧེ་རྫོང་། ཆི་ལེན་རྫོང་། རྐང་ཚ་རྫོང་། གཅན་ཚ་རྫོང་། པདྨ་རྫོང་། དར་ལག་རྫོང་བཅས་ཡོད། ནོར་སྲིད་འཁོར་རྒྱུག་ཕྱོགས་བསྡུས་བྱས་འབྲས་དཔྱད་ཞིབ་ཕུལ་བྱུང་ས་ཁུལ་ལ་མཚོ་བྱང་ཁུལ་དང་། ཟི་ལིང་གྲོང་ཁྱེར། རྨ་ལྷོ་ཁུལ། ན་གོར་མོ་གྲོང་ཁྱེར། དཔའ་ལུང་རྫོང་། མང་ནེ་གྲོང་ཁྱེར། མཁར་དཀྱིལ་ཁུལ། ལི་ཏུའུ་ཆུས། ཧེ་ཡན་རྫོང་། ཏུའུ་ལན་རྫོང་། མཁར་བྱང་ཁུལ། གཅན་ཚ་རྫོང་། ཝུའུ་ལན་རྫོང་། ཏ་ཐུང་རྫོང་། རྐང་ཚ་རྫོང་། ཧོང་ཡོན་རྫོང་། མིན་ཡོན་རྫོང་བཅས་ཡོད། ལས་ཞུགས་ལས་གཏོད་ལ་སྐུལ་ལྕག་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་དངོས་འབེབས་བྱ་བ་སྒྲུབ་ཤུགས་ཆེ་བ་དང་། ལས་ཤོར་མི་སྣ་དང་ལས་ཞུགས་དཀའ་ངལ་ཅན། གཙོ་གནད་ཚོགས་སྤྱི་འདྲ་མིན་གྱིས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་ལས་འགན་དཔྱད་ཞིབ་ཕུལ་བྱུང་ཡིན་པའི་ས་གནས་ལ་ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་ཁུལ། རྨ་ལྷོ་ཁུལ། མགོ་ལོག་ཁུལ་བཅས་ཡོད། གཞུང་གཉེར་སྨན་ཁང་ཕྱོགས་བསྡུས་བཅོས་སྒྱུར་ཕན་འབྲས་ཅུང་མངོན་གསལ་ཡིན་པའི་ས་གནས་ལ་ཧུའུ་ཀྲུའུ་རྫོང་དང་། ཏུའུ་ལན་རྫོང་གཉིས་ཡོད། 2020ལོར་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱ་བ་འབུར་ཐོན་ཡིན་པ་ལ་ཟི་ལིང་གྲོང་ཁྱེར་དང་། དཔའ་ལུང་རྫོང་། མིན་ཡོན་རྫོང་བཅས་ཡོད། ཀྲུང་བོད་ལུགས་གསོ་རིག་རྒྱུད་འཛིན་གསར་གཏོད་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་བླངས་པའི་ས་ཁུལ་ལ་མཚོ་ལྷོ་ཁུལ་དང་། ཧོང་ཡོན་རྫོང་། ཧུའུ་ཀྲུའུ་རྫོང་བཅས་ཡོད། ས་གནས་རིམས་ནད(བྱི་རིམས་དང་ཐུམ་འབུ་ནད་ཚུད)འགོག་སྡོམ་ཕན་འབྲས་མངོན་གསལ་ཡིན་པའི་ས་ཁུལ་ལ་མཚོ་ནུབ་ཁུལ་དང་། ཡུས་ཧྲུའུ་གྲོང་ཁྱེར། རྩེ་ཁོག་རྫོང་བཅས་ཡོད། རྒྱལ་ཁོངས་ལྗང་སྒྱུར་དང་། ནགས་ཚལ་ཐོན་ཁུངས་དོ་དམ་སྲུང་སྐྱོང་། ནགས་ལས་གནོད་ལྡན་སྐྱེ་དངོས་འགོག་སྡོམ་སོགས་ཀྱི་བྱ་བའི་ལོ་འཁོར་དམིགས་འབེན་ལས་འགན་དཔྱད་ཞིབ་ཕུལ་བྱུང་ཡིན་པའི་ས་ཁུལ་ལ་ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་ཁུལ། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་ཁུལ་བཅས་ཡོད། སྨན་བཅོས་འགན་སྲུང་བྱ་བའི་འགན་ཁུར་སྒྲུབ་པ་ལེགས་ཤིང་། མང་ཚོགས་ཀྱི་ཡིད་ཚིམ་ཚད་མཐོ་བ་ལ་ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་གྲོང་ཁྱེར་གཉིས་ཡོད། མཁའ་དབུགས་སྤུས་ཚད་ལེགས་བཅོས་མངོན་གསལ་བྱུང་བར་མ་ཟད། ལོ་འཁོར་མཁའ་དབུགས་སྤུས་ཚད་དམིགས་འབེན་དང་གཙོ་གནད་འགན་ཁུར་གྲུབ་འབྲས་དམིགས་འབེན་ལེགས་པར་གྲུབ་པའི་ས་ཁུལ་ལ་མཚོ་ནུབ་ཁུལ་དང་། མཚོ་ལྷོ་ཁུལ། མཚོ་བྱང་ཁུལ། རྨ་ལྷོ་ཁུལ་བཅས་ཡོད། རིགས་ཁག་མི་འདྲ་བའི་གཟེངས་བསྟོད་གནས་ཚུལ་ཕྱོགས་བསྡུས་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཕྱོགས་བསྡུས་ལྟ་རྟོག་དང་། ཆེད་དོན་ལྟ་རྟོག ས་ཁུལ་སོ་སོས“710”བྱ་བའི་ལམ་ལུགས་དངོས་འབེབས་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་སྒོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་རྟོག་ཆེན་མོས་གཟེངས་བསྟོད་བརྡ་ཁྱབ་བཏང་བའི་གནས་ཚུལ་ལྟར། ཞིང་ཆེན་སྲིད་གཞུང་གིས་ཡང་བསྐྱར་སྐུལ་ལྕག་རྒྱབ་སྐྱོར་གནང་རྒྱུའི་ས་ཁུལ་ལ་ཟི་ལིང་གྲོང་ཁྱེར་དང་། རྨ་ལྷོ་ཁུལ། མཚོ་ལྷོ་ཁུལ། ཏ་ཐུང་རྫོང་། ཧུའུ་ཀྲུའུ་རྫོང་། གཅན་ཚ་རྫོང་། གཏེར་ལེན་ཁ་གྲོང་ཁྱེར། རྨ་ཆེན་རྫོང་། ཡུས་ཧྲུའུ་གྲོང་ཁྱེར་བཅས་ཡོད། 

མིག་སྔར། སྐུལ་ལྕག་དོན་གནད་ཁག་སོ་སོ་རྩ་འཛུགས་ལག་བསྟར་སྡེ་ཁག་གིས་གཟེངས་བསྟོད་སྐུལ་ལྕག་བྱེད་ཐབས་ཁག་མངོན་འགྱུར་བྱེད་པ་དམ་འཛིན་བྱེད་བཞིན་ཡོད་ཅིང་། ས་ཁུལ་སོ་སོས་གཟེངས་བསྟོད་སྲིད་ཇུས་འདེང་ངེས་ཀྱིས་ལེགས་པར་བཀོལ་བར་མཛུབ་སྟོན་བྱས་ནས། འབད་བརྩོན་སྔོན་སྐྱོད་དང་ཁུར་ཐེག་དངོས་སྒྲུབ། ལས་འབྲས་གསར་པ་སྐྲུན་པ་དང་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། །  

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།