མདོ་ལ་རིང་མོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས11ཉིན། མདོ་ལ་རིང་མོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བཟང་པོ་བྱ་རྒྱུ་ནི“རྒྱལ་དོན་ཆེན་མོ”དང“དམིགས་ཚད་གཅིག”ལ་དམ་པོར་དམིགས་ཏེ། “སླར་ཡང་ཤུགས་སྣོན་རྒྱག་དགོས་པ་བཞི”ལ་སྐུལ་འདེད་བཏང་ནས་མདོ་ལ་རིང་མོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་སྤྱི་ཡོངས་ཀྱི་དམག་འཐབ་དང་། འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་པར་ནན་གྱིས་བསྟན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མགོ་འཛིན་བྱས།

ཝུའུ་ཞའོ་ཅུན་གྱིས་ད་ལོ་ནི《ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི》ལག་བསྟར་བྱེད་པའི་འགག་རྩའི་དུས་སྐབས་དང་འགག་སྒྲོལ་དུས་སྐབས་ཡིན་པས། མཇུག་གི་ཐག་གཅོད་བྱེད་དཀའ་བའི་དཀའ་གནད་ཐག་གཅོད་བྱེད་པར་ངེས་པར་དུ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པ། ཁག་བགོས་སྐུལ་འདེད་གཏོང་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་དམག་འཐབ་དྲག་པོ་ལ་རྒྱལ་ཁ་ཐོབ་པ་བྱས་ཏེ། ད་ལོའི་བཅོས་སྒྲིག་ལས་འགན་མང་ཆེ་བ་དོན་ཐོག་ཏུ་འཁྱོལ་བ་དང་གཞི་རྩའི་ཆ་ནས་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱེད་པ་དང་། ཕྱི་ལོར་སྲ་བརྟན་དང་གོང་མཐོར་གཏོང་བ་བརྒྱུད་ཕྱོགས་བསྡུས་བཅོས་སྐྱོང་ལས་འགན་ཕྱོགས་ཡོངས་ནས་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་སྒྲུབ་བྱེད་དགོས། བསམ་བློའི་ངོས་འཛིན་ལ་སླར་ཡང་ཤུགས་བསྣན་ནས་བསྒྱུར་བཅོས་ཀྱི་ངར་ཤུགས་ལྷོད་གཡེང་མི་གཏོང་བ་དང་། བསྒྱུར་བཅོས་ཀྱི་ཕན་འབྲས་ཕྱིར་འགྱངས་མི་བྱེད་པ། བསྒྱུར་བཅོས་ཀྱི་ཚད་གཞིའི་ཕབ་གཅོག་མི་བྱེད་པ་བཅས་བྱེད་དགོས། སྤུས་ཚད་སླར་ཡང་ཆེ་རུ་གཏོང་བར་འགན་ལེན་བྱས་ནས་གནད་སྨིན་བཅོས་སྐྱོང་དང་། ཕྱོགས་ཡོངས་ནས་བཅོས་སྐྱོང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བཅས་མཐའ་འཁྱོངས་བར་བྱས་ཏེ་འཕེལ་རིམ་ལ་འགན་ལེན་དང་སྤུས་ཚད་ལ་སྔར་བས་འགན་ལེན་བྱེད་དགོས། རྒྱུན་རྣམ་དོ་དམ་ལ་སླར་ཡང་ཤུགས་བསྣན་ནས་ཡིག་ཚགས་དཔྱད་གཞི་ཡིག་ཚགས་ཀྱི་ཁོངས་སུ་འཇུག་པ་དང་། ཕྱོགས་བསྡུས་ཞིབ་བཤེར་རྩིས་ལེན་གྱི་རྩིས་ཐོ་སུབ་པ། རྗེས་མཐུད་རྩིས་སྤྲོད་དོ་དམ་དང་། མ་དངུལ་བསྡུ་བར་བརྩོན་ལེན། ཐོན་ཁུངས་གང་འགབ་ལ་མུ་མཐུད་ཤུགས་སྣོན་དགོས། འགན་འཁྲི་ནན་དུ་བཏང་ནས་སླར་ཡང་ཤུགས་བསྣན་སྟེ་ས་གནས་ཏང་ཨུ་དང་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དང་། ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གི་སྤྱི་འདོམས་མཐུན་སྦྱོར་འགན་འཁྲི། འབྲེལ་ཡོད་སྡེ་ཁག་སོ་སོའི་མཛུབ་ཁྲིད་འགན་འཁྲི། ཐུན་མོང་འགན་འཁྲི་བཅས་དོན་འཁྱོལ་ནན་ཏན་བྱས་ཏེ། ཡང་འབད་བསྐྱར་འབད་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། གོང་འོག་གཉིས་ཀའི་སེམས་པ་གཅིག་ཏུ་སྒྲིལ་བ། ཐུན་མོང་ཐོག་འབད་བརྩོན་བྱེད་པ་བཅས་ཀྱི་ཐོག་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས། མི་རིགས་ཁག་གི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས་པར་ནན་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།