མགོ་ལོག་ཁུལ་གྱིས་ཕྱོགས་བཞིའི་ཐད་ནས་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་སྟོན་ཚོགས་སྐབས་ཉེར་གཉིས་པར་གྲ་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མགོ་བརྩམས་པའི་ལོ་ཡིན་པ་མ་ཟད། ཧྲང་ཧའེ་གྲོང་ཁྱེར་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་བཅུ་གཅིག་པ་བཅས་རེད། མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་སྟོན་ཚོགས་སྐབས་ཉེར་གཉིས་པའི་ཐོག་མགོ་ལོག་གིས་ཧྲང་ཧའེ་དང་མགོ་ལོག་གཉིས་ཀྱི་རོགས་སྐྲུན་གནས་ཚུལ། དངུལ་གཏོང་ལ་བརྟེན་ནས་ལས་གཞིའི་མགོ་གསར་བ་རྩོམ་པར་སྐུལ་འདེད་དང་། བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ངོ་འཕྲད་གྲོས་མོལ་སྤེལ་རེས་ལ་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་བཞིར་དམིགས་ནས། མགོ་ལོག་ཁུལ་གྱིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཚད་མཐོའི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམས་སྟོན་ཚོང་གཉེར་དང་། ཆེད་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཁ་ཕྱོགས་གཏན་འཁེལ་གྱི་འོས་སྦྱོར་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྒྱུ་རྩལ་ཡུལ་དངོས་སུ་འགྲེམས་སྟོན། ཁྱད་ལྡན་ཐོན་རྫས་དྲ་ཐོག་དང་དྲ་ཕྱི་ཕྱོགས་གཉིས་ནས་འོས་སྦྱོར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། མི་སྔར་བས་མང་བ་མགོ་ལོག་ཏུ་སྐྱོད་པ་དང་། མགོ་ལོག་ལ་རྒྱུས་ལོན་བྱེད་པ། མགོ་ལོག་ལ་མ་རྐང་འཇོག་པ། ཕུན་སུམ་ཚོགས་པའི་འགྲེམས་སྟོན་ལ་བརྟེན་ནས་དཔལ་འབྱོར་གྱི་ཕན་འབྲས་ལ་བརྟེན་པ། མགོ་ལོག་ཁུལ་གྱི“ལོ་ལྔའི་འཆར་གཞི་བཅུ་བཞིའི”འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་མགོ་ཡག་པོ་འཛུགས་པ་དང་། གོམ་སྟབས་ཡག་པོ་སྤོས་ཏེ་ཚོང་འགུགས་དངུལ་འདྲེན་བྱེད་པར་བརྩོན་ལེན་བྱས།

མིག་སྔར་མགོ་ལོག་ཁུལ་གྱིས་བརྗོད་དོན་གཙོ་བོའི་གྲོང་ཁྱེར་དང་ཁུལ་གྱི་རིམ་སྤེལ་བྱེད་སྒོ་སྤེལ་མགོ་རྩོམ་པའི་མཛད་སྒོ་དང“དག་གཙང་གི་གངས་ལྗོངས། མཛེས་པའི་མགོ་ལོག”རིག་གནས་ཡུལ་སྐོར་ཆེད་མངགས་འོས་སྦྱོར་དང་། ས་མཐོའི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཆེད་དོན་འོས་སྦྱོར། གངས་ལྗོངས་བོད་ཇའི་ཐོན་རྫས་དཔྱད་གཞིར་འཛིན་པ། ནགས་བརྟེན་དཔལ་འབྱོར་ཐོན་རྫས་ཆེད་དོན་འོས་སྦྱོར། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་རྫས། དབྱར་རྩྭ་དགུན་འབུའི་ཆེད་དོན་འོས་སྦྱོར། ལག་གདང་སྦྲེལ་བ་དང་བློ་སེམས་གཅིག་ཏུ་སྦྲེལ་ནས“རྨ་ཆུ་ནས་འབྲི་ཆུའི”བརྗོད་དོན་གཙོ་བོའི་རོལ་དབྱངས་ཆེད་ཚོགས། མགོ་ལོག་ཚོང་གཉེར་ཁོར་ཡུག་འོས་སྦྱོར་དང་ཚོང་ལས་ཁོར་ཡུག་འོས་སྦྱོར་དང་ཚོང་འགུགས་དངུལ་འདྲེན་ཆེད་དོན་བྱེད་སྒོ། ཧྲང་ཧེ་དང་མཚོ་སྔོན་གཉིས་ཀྱི་དམངས་གཉེར་ཁེ་ལས་སྤེལ་ལས་བཞུགས་མོལ་ཚོགས་འདུ། སྤྲིན་ཐོག་མགོ་ལོག”གི་དྲ་ཚོང་སྤྱི་བའི་སྤུས་རྟགས་དྲ་ཐོག་ཚོང་གཉེར་སྤེལ་རྒྱུ་གཏན་འཁེལ་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།