ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་བཞི་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་བཞི་བ་བསྡུས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ་རྒྱུས་ནང་དོན་ལ་དམིགས་ནས་བགྲོ་གླེང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཏུའུ་ཅེ་དང་ཀྲང་ཝུན་ཁུའེ། ཐིན་རིམ་པའི་ལས་བྱེད་པ་དྲུག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པ། སྲིད་གྲོས་ཀྱི་ལས་འགན་ལག་བསྟར་བྱེད་པ་སོགས་ཀྱི་ཕྱོགས་ནས་བརྗེ་རེས་གཏམ་བཤད་སྤེལ་བ་དང་ཐིན་རིམ་པའི་ལས་བྱེད་པ་གཞན་དག་གིས་ཡིག་ངོས་གཏམ་བཤད་རྒྱུ་ཆ་སྤྲད།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ་སྲིད་གྲོས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་རླབས་ཆེ་བའི་གྲུབ་འབྲས་དང་སྙིང་སྟོབས། རིན་ཐང་བྲལ་བའི་ཉམས་མྱོང་བཅས་ལ་སློབ་སྦྱོང་ནན་མོ་བྱས་པ་དང་། དེའི་ཁྲོད་ནས་དམར་པོའི་སྲིད་དབང་དང་ཀྲུང་གོ་གསར་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་སླ་བོ་མིན་པར་ངོས་འཛིན་གསལ་བོ་ཐོབ་པར་མ་ཟད།  ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ཐུབ་པ་དང་མར་ཁེ་སི་རིང་ལུགས་ཀྱིས་ཅིའི་ཕྱིར་ནུས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བར་གོ་བ་གཏིང་ཟབ་བླངས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན་དང་རླབས་ཆེན་ཕུགས་འདུན་བཅས་གཅིག་འདོམས་བྱས་ཏེ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་འདོམས་སྒོས་སྐུལ་འདེད་བཏང་བ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་པར་སྐུལ་འདེད་བཏང་ནས་འབྱོར་ཕྱུག་ཅན་ནས་སྟོབས་ལྡན་དུ་གྱུར་བའི་མཆོང་སྐྱོད་རླབས་ཆེན་མངོན་འགྱུར་བྱུང་བ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་མཚར་སྡུག་གི་གྲུབ་འབྲས་བླངས་པའི་རྩ་བ་ཀྲུང་གོ་གུང་ཁྲན་ཏང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་སྣེ་ཁྲིད། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སོགས་ལ་འབྲེལ་ཡོད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོང་དོན་སློབ་སྦྱོང་བྱེད་པ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དུས་རིམ་རྗེས་མའི་ནང་དོན་གཙོ་བོར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་སྲིད་གྲོས་ཀྱི་བྱ་བ་ཁག་གི་ཁྲོད་དུ་དོན་འཁྱོལ་ནན་མོ་བྱས་ཏེ། གཅིག་ཏུ་འདུ་བ་དང་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་དངོས་འབེབས་བྱེད་དགོས། ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་ནན་ཏན་གྱིས་སྤེལ་ནས་ཚད་གཞི་རྒྱུན་འཁྱོངས་དང་ཞིབ་བཤེར་ནན་ཏན་བྱེད་པ། ཕན་འབྲས་དོན་གཉེར་བྱེད་དགོས། ངས་དམངས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོར་སྐུལ་འདེད་ནན་མོ་བཏང་ནས་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་ཆེད་དུ་ལས་འགན་སྒྲུབ་པ་མངོན་པར་བྱེད་དགོས།

རིན་ཆེན་རྣམ་རྒྱལ་དང་མཱ་ཧེ་དབྱིན། ཝང་ཞོན། ཝང་ཀྲིན་ཁྲང་། མཱ་ཧྥིན་ཧྲིན་བཅས་བགྲོ་གླེང་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།