ཉི་མ་སྒྲོལ་མས་མཚོ་ལྷོ་ཁུལ་གྱི་རྫོང་དང་ཡུལ་ཚོའི་དམངས་ཆེན་འཐུས་མིའི་སྐབས་བརྗེ་འདེམས་བསྐོ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས7ནས་ཚེས8ཉིན་བར།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྫོང་དང་ཡུལ་ཚོའི་སྐབས་བརྗེ་འདེམས་བསྐོ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་བྱས།  ཁོ་མོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར་ཚད་གཞི་སྔར་ལས་མཐོ་བ་དང་སྤྱོད་ཚུལ་སྔར་ལས་དྲང་བ། སྒྲིག་ཁྲིམས་སྔར་ལས་ནན་མོ་བཅས་ཀྱི་ཐོག་ནས་གྲུབ་འབྲས་སྲ་བརྟན་དང་ཇེ་ལེགས་སུ་བཏང་སྟེ་ཁྲིམས་ལྟར་བྱ་བར་སྐུལ་འདེད་གཏོང་དགོས།

ཉི་མ་སྒྲོལ་མས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་སྐབས་གསར་པའི་རྫོང་རིམ་པའི་སྲིད་གཞུང་དང་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་འདེམས་བསྐོའི་བྱ་བ་ཡག་པོར་སྒྲུབ་པ་དང་། རྩ་འཛུགས་སེམས་བདེ་བ་དང་མང་ཚོགས་ཡིད་ཚིམ་པའི་ལས་བྱེད་པ་བཟང་པོ་དང་ཚན་ཁག་བཟང་པོ་འདེམས་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་སྔར་ལས་གཟབ་ནན་དུ་བཏང་ནས་ནུས་ལྡན་གྱི་ལྟ་སྐུལ་དེ་སྐབས་བརྗེའི་འདེམས་བསྐོ་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྐབས་བརྗེའི་འདེམས་བསྐོའི་གསལ་ཚད་དང་ཀུན་གྱིས་ཡིད་རྟོན་བྱེད་ཚད་མྱོང་ཚོར་ཐུབ་པ་དང་། བརྒྱུད་རིམ་ཧྲིལ་པོའི་དམངས་གཙོར་འགན་ལེན་བྱེད་པ། བརྒྱུད་རིམ་ཧྲིལ་པོ་སྤྱོད་གཙང་གཞུང་དྲང་ཡོང་བར་འགན་ལེན་བྱས་ནས་འདེམས་བསྐོའི་མཇུག་འབྲས་ལ་ཏང་ཨུ་བློ་བདེ་བ་དང་མང་ཚོགས་ཡིད་ཚིམ་པར་ཁག་ཐེག་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་བསྡོམས་དང་དྲིལ་བསྒྲགས་ཡག་པོ་བྱས་ཏེ། ཉམས་མྱོང་སྦྱོང་བརྡར་ཡག་པོ་དང་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་། གྲུབ་འབྲས་སྲ་བརྟན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། རིམ་དབྱེ་ཁག་བགོས་ཀྱི་སྦྱོང་བརྡར་ལ་ཤུགས་བསྣན་ནས་འཐུས་མི་རེ་རེ་གང་མགྱོགས་སྒོས་ལས་གནས་སུ་ཞུགས་པ་དང་གང་མགྱོགས་སྒོས་བྱ་བར་རྒྱུས་ལོན་བྱེད་པ།  གང་མགྱོགས་སྒོས་ལས་དོན་སྤེལ་ཐུབ་པ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་མཉམ་འདྲེས་དང་མགྱོགས་མྱུར་སྐུལ་འདེད་བཏང་ནས་སྐབས་བརྗེའི་འདེམས་བསྐོ་བྱ་བ་དང་ཡུལ་ཚོ་དང་གྲོང་རྡལ་གྱི་འཛུགས་སྐྲུན་ཆེན་པོའི་ལོ་དང་གཞུང་སྒྲུབ་ཁང་གཉིས་དང་ལས་སྟེགས་གཅིག་གི་ཚད་ལྡན་ཅན་འཛུགས་སྐྲུན་བྱ་རྒྱུ་གཉིས་ཟུང་འབྲེལ་བྱས་ནས་མཉམ་དུ་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།