ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་དགུ་བ་ཟི་ལིང་ནས་གྲོལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་དགུ་བ་ཚེས་དགུ་ཉིན་གྱི་སྔ་དྲོར་ཟི་ལིང་ནས་གྲོལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅེ། ཀྲང་ཝུན་ཁུའེ། མ་ཧེ་དབྱིན། ཝང་ཞོན། ཝང་ཀྲིན་ཁྲང་། མ་ཧྥིན་ཧྲིན། དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་ཚོགས་འདུར་ཞུགས། ཝང་ཀྲིན་ཁྲང་གིས་མཇུག་སྒྲིལ་ཚོགས་ཆེན་ལ་མགོ་འཛིན་བྱས།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱི་ཐེངས་འདིའི་རྒྱུན་ལས་གྲོས་ཚོགས་ཀྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པར་མཚོ་སྔོན་ལ་ཐབས་ལམ་གསར་བ་གང་དག་ཡོད་པ་དང་དམ་པོར་སྦྲེལ་ནས་གྲོས་མོལ་སྲིད་གླེང་བྱས་པ་ནི་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལྟེ་གནས་བྱ་བར་ཞབས་ཞུ་བསྒྲུབ་པའི་ལག་ལེན་ངོ་མ་ཡིན། གྲོས་ཚོགས་ཀྱིས་བརྗོད་དོན་གདམ་པར་ཆབ་སྲིད་ཀྱི་ལངས་གནས་བརྟན་ཞིང་ཞིབ་བཤེར་དང་ཞིབ་འཇུག་བྱས་པ་གཏིང་ཟབ་པ་དང་། གྲོས་མོལ་གྲོས་སྡུར་གྱི་ནང་དོན་ཕུན་སུམ་ཚོགས་ལ། བསམ་བློའི་ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་ཞིབ་འཇུག་བསམ་ཕྱོགས་རྒྱ་བསྐྱེད་པ། ཐུན་མོང་གི་ལྟ་ཚུལ་བཟང་བོ་ཆགས་པ་སོགས་ཕྱོགས་ཀྱི་གྲུབ་འབྲས་མངོན་གསལ་ཐོབ་པར་མ་ཟད། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ཁྱད་སྟོབས་ནུས་པ་དང་འགན་འཁྲིའི་ཁག་ཁུར་གང་ལེགས་སྒོས་མཚོན་པར་བྱས་ཡོད།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་ལོ་སྨད་ཀྱི་བྱ་བ་གཙོ་བོ་དམ་འཛིན་བྱེད་དགོས། རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་དང་གཤིབ་སྡུར་བྱས་ཏེ། རྟོག་ཞིབ་གྲོས་མོལ་གྱི་བསླབ་གཞི་གཙོ་བོའི་ཆབ་སྲིད་རེ་བ་དང་རིན་ཐང་ཚད་གཞི། དུས་རབས་ཀྱི་ཁྱད་ཆོས་འཚོལ་བར་ཞིབ་འཇུག་བྱེད་པ་དང་། ཞིབ་འཇུག་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས་ལ། གནད་ས་དང་དཀའ་གནད། གནད་འགག་བཅས་གཅིག་སྡུད་བྱེད་པ་དང་། རྩ་འཛུགས་ཞིབ་མོ་བྱས་ནས་ལོ་ཧྲིལ་བོའི་གྲོས་མོལ་སྲིད་གླེང་བྱ་འགུལ་ལག་བསྟར་བཟང་བོ་བྱེད་དགོས་པར་མ་ཟད། ཧུར་ཐག་སྒོས་གྲོས་མོལ་ཐེངས་གཅིག་བྱས་ན་ཁྱབ་ཁོངས་གཅིག་གི་བྱ་བར་སྐུལ་འདེད་གཏོང་ཐུབ་པར་བྱེད་དགོས། རྒྱུན་མཐུད་སྒོས་གཞི་རིམ་སྲིད་གྲོས་ཀྱི་ཞན་ཆ་གཉིས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། གཞི་རིམ་སྲིད་གྲོས་ལ་མཛུབ་སྟོན་བྱས་ཏེ་འགན་འཁྲིའི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་སྤུས་ཚད་མཐོ་ཞིང་ཕན་འབྲས་འཕར་བར་རྨང་གཞི་བརྟན་པོ་འདིང་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།