ཆི་ལེན་རྫོང་གིས་ཁྲལ་དོན་དང་ཁེ་ལས་མཉམ་སྐྲུན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དམངས་ཕན་ཞབས་ཞུ་བསྒྲུབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྲལ་དོན་དང་ཁེ་ལས་མཉམ་ལས་བྱེད་པར་སྔར་བས་ཤུགས་སྣོན་དང་། མཉམ་སྐྲུན་དང་མཉམ་སློབ། མཉམ་སྐུལ་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟབ་སྤེལ་དངོས་སྤེལ་བྱེད་པར་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ། ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ཁྲལ་དོན་ཅུས་དང་ས་གནས་དེ་གའི་ཁེ་ལས་ཀྱིས“ཏང་འཛུགས+ཁྲལ་བསྡུ་མཉམ་སློབ་མཉམ་སྐྲུན”གྱི་བྱ་འགུལ་སྤེལ་ནས། ཏང་འཛུགས་དང་བྱེད་སྒོ་མཉམ་འདྲེས་ཟབ་སྤེལ་ཡོང་བ་དང་། བྱེད་ཐབས་གསར་སྐྲུན་གྱིས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱས་ཏེ། ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་ལ་དོན་དངོས་སྒྲུབ་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་དོན་དངོས་སྒྲུབ་པའི་སྟེང་ཕྱིར་མངོན་པར་འགན་སྲུང་བྱེད་ཆེད། ཆི་ལེན་རྫོང་ཁྲལ་དོན་ཅུས་ཀྱིས“ཁྲལ་དོན་དང་ཁེ་ལས་མཉམ་སྐྲུན”གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་། དུས་ཐོག་ཏུ་ན་གཞོན་ཁྲལ་སྒྲོག་ཡན་ལག་རུ་ཁག་ཆུང་བ་བཙུགས་ཏེ། ས་གནས་ཀྱི་ཁེ་ལས29རུ་བཅའ་སྡོད་བྱས་པ་དང་། “ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ”དང“དཔྱིད་ཀྱི་ཆར་བས་ལྗང་མྱུག་གསོ”བའི་ཆེད་དམིགས་བྱ་འགུལ་ལ་དམ་པོར་དམིགས་པ། “ཏང་གི་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ”ཡི་མཉམ་རོལ་ཚོགས་འདུ་དང“ཁྲལ་བསྡུ་ཤེས་བྱ་ཅི་ཙམ་ཤེས་པ”ཡི་ཆེད་དམིགས་ཟུར་ཁྲིད།“ང་དང་ཏང་དར་མཉམ་པར་ལེན”ཞེས་པའི་གསར་གཏོད་པར་ལེན་སོགས་ཀྱི་གོ་རིམ་སྒྲིག་བཀོད་བྱས་པར་མ་ཟད། ཁྲལ་བསྡུ་སློབ་ཁང་དེ་ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་གྱི་འགྲམ་དུ་གནས་སྤར་ཞིང་། ཁྲལ་རིན་སྣ་ཚོགས་ཀྱི་སྲིད་ཇུས་དང་གློག་རྡུལ་ཁྲལ་དོན་ཅུས་ཀྱི་ཁྲལ་སྒྲུབ་གོ་རིམ། ཁྲལ་འབྲེལ་ཉེན་ཁ་རང་བཤེར་བྱེད་པ་སོགས་ཀྱི་བྱེད་སྒོ་གཅིག་གཏད་གཅིག་གིས་རིམ་པ་བཞིན་འགྲེལ་བཤད་བྱས་ཏེ། དུས་ཐོག་ཏུ་ཉེན་ཁ་སྣ་ཚོགས་ཁ་ཐུག་ངོ་ཐུག་གིས་སྔོན་འགོག་ཚོད་འཛིན་བྱས་པ་དང་། ཉེ་འགྲམ་དུ་ཞབས་ཞུ་བསྒྲུབས་ཏེ། ཁྲལ་འཇལ་མཁན་ལ་རིམ་པ་ཟབ་པ་དང་ཕྱོགས་ཡོངས་ནས་དམངས་ཕན་ཁྲལ་སྒྲུབ་ཀྱི་ཞབས་ཞུ་བྱེད་ཐབས་རོལ་མྱོང་བྱེད་དུ་བཅུག

ཁྲལ་དོན་དང་ཁེ་ལས་ཀྱི་ཏང་འཛུགས་མཉམ་སྐྲུན་ལམ་བུ་རྒྱ་བསྐྱེད་པའི་ཚོད་ལྟ་གསར་པ་ཞིག་ཡིན་པའི་ཆ་ནས། ཆི་ལེན་རྫོང་ཁྲལ་དོན་ཅུས་མུ་མཐུད་དུ་ཁེ་ལས་སུ་སོང་སྟེ། ཁྲལ་བསྡུ་སྲིད་ཇུས་གཞི་རིམ་གྱི་ལས་ཡུལ་དང་པོར་སྐྱེལ་བ་དང་། ཁེ་ལས་ཀྱི་དཀའ་ངལ་སེལ་བའི་སྟེང་ཤུགས་བཏོན་ནས། ཁྲིམས་འཛིན་བྱེད་ཐབས་ལེགས་བསྒྱུར་ཁྲོད་བྱ་བའི་སྤུས་འབྲས་མཐོར་འདེགས་བཏང་། བློ་འདྲི་རྩད་གཅོད་ཀྱི་གནད་དོན་མང་པོར་ཁ་གཏད་རང་བཞིན་གྱི་དྲིས་ལན་བཏབ་པ་དང་། ཁེ་ལས་ཀྱི་རིགས་ཞིབ་ཕྲ་སྒོས་དབྱེ་ཞིང་གནད་ཁེལ་ཟུར་ཁྲིད་མཁོ་འདོན་བྱེད་པ། ཁྲལ་དང་ཁེ་ལས་ཀྱི་ཏང་འཛུགས་མཉམ་སྐྲུན་གྱི་བཙན་རྫོང་ནུས་པ་འདོན་སྤེལ་བྱེད་པ། ཁྲལ་དོན་སྡེ་ཁག་དང་ཁེ་ལས་བར་གྱི་འབྲེལ་འདྲིས་བརྗེ་རེས་ལ་རྒྱུན་མཐུད་ཀྱིས་ཤུགས་སྣོན་པ། ཁྲལ་རིན་དང་འབྲེལ་བའི“དཀའ་ངལ་དང་སེམས་ཁྲལ”གནད་དོན་མ་ལག་རང་བཞིན་གྱིས་ཐག་གཅོད་བྱེད་པ་བཅས་ཀྱིས། ཁེ་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་བར་རམ་འདེགས་གང་ལེགས་བྱས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།