ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་སྟེགས་བུ་སྣ་ཚོགས་བེད་སྤྱད་ཅིང་། “དྲ་ཐོག+དྲ་ཐོག་མ་ཡིན་པ”དང“སློབ་ཁྲིད+སློབ་ཕྱི”“གཞུང་ལུགས+ལག་ལེན”བཅས་ཟུང་འབྲེལ་བྱེད་པའི་ཐབས་ཀྱིས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“དྲོད་ཚད་མཐོ་རུ་བཏང”སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་པའི་བྱབས་ཁྲུས་ཁྲོད་ལོ་རྒྱུས་གོ་རྟོགས་དང་དམར་པོའི་རིག་གནས་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པར་སྣེ་ཁྲིད་བྱས།
“དྲ་ཐོག+དྲ་ཐོག་མ་ཡིན་པ”ཡིི་བྱེད་ཐབས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཤུགས་ཚད་ཇེ་མཐོར་བཏང་།ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་དང་སློབ་གསོའི་ཤུགས་ཚད་དངོས་གནས་ཇེ་མཐོར་བཏང་། “དྲ་ཐོག་མ་ཡིན་པ”རུ་སློབ་སྦྱོང་གི་སྟེགས་བུ་བེད་སྤྱོད་གང་ལེགས་བྱེད་པ་དང་། སྐད་འཕྲིན་སྤྱི་སྟེགས་སྟེང“ཏང་གི་ལོ་རྒྱུས་སློབ་སྦྱོང”ཞེས་པའི་ལེ་ཚན་ཞིག་གསར་དུ་སྤེལ་ནས། ཏང་གི་ལོ་རྒྱུས་བརྗོད་བྱའི་ཁྱད་ཆོས་ལྡན་པའི་རིག་རྩལ་བརྩམས་ཆོས་ཧུར་ཐག་གིས་འགོད་གཏོང་བྱས། “སྐུད་འོག”ཏུ་ཏང་གཤིས་སློབ་གསོའི་རྟེན་གཞི་དང་སྲིད་གཙང་སློབ་གསོའི་རྟེན་གཞི་སོགས་བེད་སྤྱོད་གང་ལེགས་བྱེད་པ་དང་། ལས་བྱེད་པ་རྩ་འཛུགས་བྱས་ཏེ་ལྟ་སྐོར་སློབ་སྦྱོང་བྱེད་པ། ཏང་གི་ལོ་རྒྱུས་ཀྱི“གཅིག་ཅན་བདུན”གྱི་བྱ་འགུལ་ལ་ཟུང་འབྲེལ་བྱེད་པ། དམར་པོའི་གློག་བརྙན་ལ་ལྟ་བ་དང་ཏང་གི་ལོ་རྒྱུས་ཤེས་བྱ་ཚད་ལེན་ཚོད་ལྟ་བྱེད་པ། དམར་པོའི་རྟེན་གཞི་ལ་ལྟ་སྐོར་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ།
“སློབ་ཁྲིད+སློབ་ཕྱི”ཡི་བྱེད་ཐབས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་མཐོ་ཚད་མཐོ་རུ་བཏང་། “སློབ་ཁྲིད”སྐབས་སློབ་སྦྱོང་གི་འཆར་གཞི་བཟོས་ཏེ། རང་སྦྱོང་དང་གཅིག་བསྡུས་སློབ་སྦྱོང་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། བགྲོ་གླེང་དང་དཔྱད་བརྗོད་བརྗེ་རེས་ཕན་ཚུན་ཟུང་འབྲེལ་བྱེད་པ། ཚད་ལེན་ཚོད་ལྟ་དང་ཡུལ་དངོས་སུ་དྲི་བ་འདོན་པ་ཕན་ཚུན་ཟུང་འབྲེལ་བྱེད་པ་བཅས་ཀྱིས། སློབ་སྦྱོང་བྱེད་ཐབས་སྣ་མང་སྤྱད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་གཏིང་ཟབ་ཀྱིས་སྤེལ་བར་སྐུལ་འདེད་བྱས། “སློབ་ཕྱི”རུ“ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་ལ་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ས་དང་ཆེས་ཐད་ཀར་ཡིན་པ། ཆེས་དོན་དངོས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་པར་སྐུལ་འདེད་བྱས་ཏེ། མང་ཚོགས་ལ་འགྱུར་ལྡོག་མཐོང་དུ་བཅུག་པ་དང་དངོས་ཕན་ཐོབ་ཏུ་བཅུག
“གཞུང་ལུགས+ལག་ལེན”གྱི་བྱེད་ཐབས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཟབ་ཚད་ཆེ་རུ་བཏང་། གཞུང་ལུགས་སློབ་སྦྱོང་ཇེ་ཟབ་ཏུ་བཏང་བ་བརྒྱུད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མགོ་ལེགས་པོ་རྩོམ་པ་དང་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་བྱས། ལས་བྱེད་པས“ནང་སེམས”ཀྱི་ལྕགས་ཟྭ་ཕྱེས་ཏེ། གཟབ་ནན་གྱིས་སློབ་སྦྱོང་དང་བསམ་གཞིགས་ཞིབ་མོ་བཏང་ནས། ཐོས་པར་བསམ་པ་ཡོད་པ་དང་གོ་རྟོགས་ཡོད་པ། ཐོབ་ཆ་ཡོད་པ་བཅས་བྱས་ཐོག ལས་བྱེད་པའི“འགན་འཁྲི”གཤོང་བར་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཏང་བཙུགས་ནས་ལོ་འཁོར100ལོན་པ་དང་ལས་ཁུངས་རང་སྟེང་གི་འཛུགས་སྐྲུན། ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྲུན་སོགས་དང་ཟུང་འབྲེལ་དམ་པོ་བྱས་ཤིང་། ལས་བྱེད་པའི“བྱ་བ”མཐུད་སྦྲེལ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་སྐབས་བརྗེ་འདེམས་བསྐོ་དང་གཞི་རིམ་ཏང་འཛུགས། འཇོན་མི་ནང་འདྲེན། ཏང་ཡོན་སློབ་གསོ་དོ་དམ་སོགས་ལྟེ་གནས་བྱ་བ་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་གི་ནང་དོན་དངོས་གནས་སྣ་སོ་སོའི་བྱ་བ་ལེགས་པོར་སྒྲུབ་པའི་སྒུལ་ཤུགས་དང་དངོས་འབྲས་ཆེན་པོར་བསྒྱུར་བ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཐུན་ཏེ་རྫོང་གིས་ཐབས་གསུམ་མཉམ་སྤྱོད་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“དྲོད་ཚད་མཐོ་རུ་བཏང་།”