《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ཁྱོན་ཡོངས་ནས་གཏིང་ཟབ་སྒོས་བསྒྱུར་བཅོས་གཏོང་བའི་གཙོ་གནད་ལས་འགན》དངོས་སུ་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས“ལོ་ལྔའི་འཆར་གཞི་བཅུ་བཞི་པར་འབད་འབུངས་བྱས་ཏེ་རྒྱང་སྐྱོད་གསར་བའི་མགོ་རྩོམ་པའི”རིམ་སྤེལ་བྱ་འགུལ་གྱི་ཁྱོན་ཡོངས་ནས་གཏིང་ཟབ་སྒོས་བསྒྱུར་བཅོས་གཏོང་བའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་མཚོ་སྔོན་ཞིང་ཆེན་གྱི་ཁྱོན་ཡོངས་ནས་གཏིང་ཟབ་སྒོས་བསྒྱུར་བཅོས་གཏོང་བའི་སྤྱིའི་བཀོད་སྒྲིག་དང་ལས་འགན་གཙོ་བོ་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསྒྱུར་བཅོས་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ།《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་གི་ཁྱོན་ཡོངས་ནས་གཏིང་ཟབ་སྒོས་བསྒྱུར་བཅོས་གཏོང་བའི་འགན་འཁྲི》ཞིབ་འཇུག་བྱས་ཏེ་དངོས་སུ་བཏོན་པ་དང་།  ཕྱོགས་ལྔ་ནས་གཙོ་གནད་ལས་འགན182ཀྱི་བསྒྱུར་བཅོས་འགན་འཁྲི་བཀོད་སྒྲིག་བྱས།

སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་བཏོད་དེ། ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་དང་རྒྱུན་སྲིང་རང་བཞིན་ཆེ་རུ་གཏོང་བ། ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་སོགས་ལ་དམིགས་ནས་གཙོ་གནད་ལས་འགན་ཁག38བཀོད་སྒྲིག་བྱས། འཕེལ་རྒྱས་གཏོང་བ་ནི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། དེང་རབས་ཀྱི་ཐོན་ལས་མ་ལག་བསྐྲུན་པ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དང་རྒྱལ་གཉེར་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་བསྐྲུན་པ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ལ་དམིགས་ནས་གཙོ་གནད་ལས་འགན་ཁག43བཀོད་སྒྲིག་བྱས། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་ཀྱིས་དམངས་འཚོའི་བདེ་རྩ་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། སྔར་བས་གང་ལེགས་དང་སྔར་བས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་བསྐྲུན་པ། སྔར་བས་འཐུས་སྒོ་ཚང་བའི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་པ། འཕྲོད་བསྟེན་བདེ་ཐང་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ལ་དམིགས་ནས་གཙོ་གནད་ལས་འགན་ཁག47བཀོད་སྒྲིག་བྱས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་བྱས་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བཏང་སྟེ། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་སློབ་གསོ་གཏོང་བའི་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་གཙོ་གནད་ལས་འགན་ཁག15བཀོད་སྒྲིག་བྱས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་བཏང་ནས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལམ་ལུགས་འཐུས་ཚང་དུ་གཏོང་བ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་སོགས་ལ་དམིགས་ནས་གཙོ་གནད་ལས་འགན་ཁག39བཀོད་སྒྲིག་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།