རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚན་ཆུང་བཅུ་གཉིས་པ་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས4ནས་ཚེས7ཉིན་བར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སྐྱེལ་འདྲེན་ཞབས་ཞུ་སི་ཡི་སི་ཀྲང་གཞོན་པ་ལི་ཧྭ་ཆང་གིས་སྣེ་ཁྲིད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ལྟ་ཞིབ་ཚན་ཆུང་བཅུ་གཉིས་པས། མཚོ་སྔོན་ཞིང་ཆེན་གྱི་བགྲོད་ལམ་སྐྱེལ་འདྲེན་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་ཕྱོགས་བསྡུས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད། ལྟ་སྐུལ་ཞིབ་བཤེར་བྱས་པའི་གནས་ཚུལ་ཞིང་ཆེན་སྲིད་གཞུང་ལ་བསམ་ཚུལ་བཏོན།

ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་མཚོ་ལྷོ་དང་མཚོ་བྱང་། མཚོ་ཤར། ཟི་ལིང་བཅས་ཀྱི་འབྲེལ་ཡོད་བགྲོད་ལམ་སྐྱེལ་འདྲེན་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་མངོན་ཞིབ་ལྐོག་འདྲི་བྱས། 

ལྟ་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། གྲོང་ཁྱེར་དང་ཁུལ་ཏང་ཨུ་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བདེ་འཇགས་དམར་ཐིག་གི་འདུ་ཤེས་དང་མ་མཐའི་བསམ་བློ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཁག་གཅིག་དང་ལས་ཞུགས་མི་སྣ་ཁག་གཅིག་གི་བསམ་བློའི་ངོས་འཛིན་ཐད་ད་དུང་ཧེ་བག་ཡོད་པ་དང་བདེ་འཇགས་ཐོན་སྐྱེད་དམར་ཐིག་གི་འདུ་ཤེས་བརྟན་པོ་མེད་པ། སྐྱེལ་འདྲེན་ཁེ་ལས་ཁག་གཅིག་གི་འགན་འཁྲི་དོན་འཁྱོལ་ཐད་ད་དུང་ཧེ་བག་ཡོད་པ། བདེ་འཇགས་དོ་དམ་ཆུ་ཚད་ཆ་སྙོམས་མིན་པ། ས་དབྱིབས་ཀྱི་ཤུགས་རྐྱེན་ཐེབས་པ། གཞུང་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དཀའ་བ་དང་མ་དངུལ་གཏོང་ཤུགས་ཆེ་བ། གཞུང་ལམ་ཁག་གཅིག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཚད་གཞི་མཐོན་པོ་མེད་པ་དང་བདེ་འཇགས་འགོག་སྲུང་ནུས་པ་བལྟོས་བཅས་ཀྱིས་མི་འདང་བའི་གནད་དོན་སོགས་ཡོད་པར་བསྟན།

ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནན་ཏན་གྱིས་འགན་ལེན་བྱེད་པ་དང་། ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་མི་གཡོལ་བ་དང་མི་གསང་བར། འཕྲལ་མར་དག་ཐེར་བྱེད་པར་རྩ་འཛུགས་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་བཞུགས་མོལ་གྲོས་ཚོགས་ལ་མདོ་འཛིན་གནང་བ་མ་ཟད་གཏམ་བཤད་གནང་། ཁོང་གིས་མཚོ་སྔོན་གྱིས་བདེ་འཇགས་ཀྱི་འདུ་ཤེས་དང“མངོན་མེད་རྐྱེན་ངན་ནི་ལས་འཛོལ་ཡིན་པ་དང་བདེ་འཇགས་ཐོན་སྐྱེད་ལ་ནམ་ཡང་མཐོང་ཆེན་བྱེད་པའི”འདུ་ཤེས་བརྟན་པོར་བཙུགས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་པ་དང་། ཞིབ་བཤེར་བྱས་པའི་གནད་དོན་དང་། བསམ་འཆར། གྲོས་གཞི་བཅས་ཚང་མ་བསྡུས་ནས། རིམ་པ་དབྱེ་བ་དང་གཙོ་ཕལ་ཆེ་ཆུང་ལ་གཞིགས་ནས་དག་ཐེར་དོན་འཁྱོལ་བྱེད་པ། ཞིབ་བཤེར་གྱི་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ཡག་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་གཞི་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་ཡིན་པར་བརྗོད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།