མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་ཉེར་བཞི་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ7པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས24པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཤེས་ལྡན་མི་སྣའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཝང་ཡུས་ཡན་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་ཞིང་།  ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་ཤེས་ལྡན་མི་སྣའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་གྲོས་ཚོགས་ལ་མདོ་འཛིན་བྱས།

ཝང་ཡུས་ཡན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་བཅས་ཀྱིས་ང་ཚོས“ཤེས་ལྡན་མི་སྣར་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་བསྟར་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། འགན་འཁྲིའི་འདུ་ཤེས་དང་དགོས་གལ་གྱི་འདུ་ཤེས་སྔར་བས་ཆེ་རུ་བཏང་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཞན་ཆ་གསབ་སྟེ་སྤུས་ཚད་མཐོ་བའི་ཤེས་ལྡན་པའི་ལས་དོན་གྱིས་མཚོ་སྔོན་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། སྲིད་ཇུས་ཀྱི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་དང་ལམ་ལུགས་ཀྱི་མཁོ་སྤྲོད་ལ་ཤུགས་སྣོན་པ། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚད་བརྒལ་གྱིས་གསར་གཏོད་བྱེད་པ་བཅས་ལ་བརྟེན་ནས། རིམ་བཞིན་ཤེས་ལྡན་མི་སྣའི་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་སྲིད་ཇུས་ཀྱི་མ་ལག་འཛུགས་དགོས། ཤེས་ལྡན་པའི་རྣམ་གྲངས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་ལས་དོན་སྔར་བས་ཡག་པོར་སྒྲུབ་པ་དང་། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་པ། དྲིལ་བསྒྲགས་ལས་དོན་ཡག་པོར་སྒྲུབ་པ་བཅས་བྱས་ནས། བྱ་བའི་སྤྱོད་ཚུལ་ལེགས་པ་དང་སྒྲིག་ཁྲིམས་ཀྱི་འགན་ལེན་ནུས་པར་བརྟེན་ནས་གྲ་སྒྲིག་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ། ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས་པར་བསྟན་པ་མ་ཟད། དབྱང་ཀྲི་ཝུན་གྱིས་ཏང་ཀྲུང་དབྱང་གི་དགོངས་དོན་གསར་པ་དང་བླང་བྱ་གསར་པ་དེ་ཤེས་ལྡན་མི་སྣའི་ལས་དོན་གྱི་བཀོད་སྒྲིག་གསར་པར་སྒྱུར་བ་དང་། ཤེས་ལྡན་མི་སྣའི་ལས་དོན་གྱི་སྲིད་ཇུས་གསར་པ་དང་བྱེད་ཐབས་གསར་པ་འདང་ངེས་ཀྱིས་ལེགས་པོར་སྤྱད་དེ་ཤེས་ལྡན་མི་སྣའི་རྣམ་གྲངས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཆུ་ཚད་མཐོན་པོར་སླེབས་པ་དང་། ཁྱད་ཆོས་ལྡན་པ། ཕན་འབྲས་ཐོན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན། 

གྲོས་ཚོགས་སྟེང《ཏང་ཨུའི་ཧྲུའུ་ཅིས་ཤེས་ལྡན་མི་སྣའི་ལས་གཞིའི་རྣམ་གྲངས་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ཇུས་གཞི》དང《“དོན་རེར་གྲོས་རེ་བསྡུར”དེ་ཤེས་ལྡན་མི་སྣ་རྩེ་གྲ་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་བྱ་ཐབས》ལ་གྲོས་ཞིབ་དང་། འབྲེལ་ཡོད་ལས་ཁུངས་ཀྱི་ཤེས་ལྡན་མི་སྣའི་རྣམ་གྲངས་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན། །


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།