མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས་ཀྱི་མིང་འདོགས་པའི་བྱེད་ཐབས》དངོས་སུ་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས་ཀྱི་མིང་འདོགས་ཚད་ལྡན་ཅན་དང་སྒྲིག་སྲོལ་ཅན་དུ་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བྱ་བའི་མགོ་ཁྲིད་ཚན་ཆུང་གིས《མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས་ཀྱི་མིང་འདོགས་པའི་བྱེད་ཐབས》(གཤམ་དུ《བྱེད་ཐབས》སུ་བསྡུས་ཡོད)དང་འབྲེལ་ཡོད་ཚད་ལེན་དཔྱད་འཇོག་རྟགས་ཚད་དངོས་སུ་བཏོན། 

《བྱེད་ཐབས》ལ་ཁྱོན་བསྡོམས་ཚན་པ16ཡོད་ཅིང་། དེས་དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས་ཀྱི་ཁྱབ་ཁོངས་རྟགས་ཚད། རེ་ཞུ་མིང་འདོགས་གོ་རིམ། མཛུབ་སྟོན་བྱ་བའི་འགན་འཁྲི། རེ་ཞུའི་རྒྱུ་ཆ་དཔྱད་ཞིབ། གཟེངས་རྟགས་བྱ་དགའི་སྒྲིག་སྲོལ་སོགས་ཀྱི་ཐད་གཏན་འབེབས་གསལ་བོ་བྱས་ཡོད། 

《བྱེད་ཐབས》ལས་གཏན་འཁེལ་བྱས་པ་ལྟར་ན། ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས་ཀྱི་རེ་ཞུ་མིང་འདོགས་བྱ་བ་གཅིག་གྱུར་བྱེད་པ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ལས་ཁུངས་གསར་སྐྲུན་དང་རེ་ཞུ་བྱ་བར་མཐུན་སྦྱོར་མཛུབ་སྟོན་བྱེད་པ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ས་གནས་རང་གི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས་གསར་སྐྲུན་དང་རེ་ཞུའི་བྱ་བར་མཛུབ་སྟོན་བྱེད་པ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུས་ན་གཞོན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སློབ་གསོའི་དཔེ་སྟོན་ཚད་ལེན་དཔྱད་འཇོག་རྟགས་ཚད་ལ་འགན་འཁུར་དགོས་པ་མ་ཟད། གསར་སྐྲུན་དང་རེ་ཞུ་བྱ་བར་མཛུབ་སྟོན་ལེགས་པོ་བྱེད་དགོས་པར་གཏན་འཁེལ་བྱས་ཡོད། 

《བྱེད་ཐབས》ལས་འགན་ཁུར་ལས་ཁུངས་སོ་སོས་དཔྱད་འཇོག་ཚད་ལེན་རྟགས་ཚད་ལྟར། ལས་བགོས་དང་ལས་གནས་འགན་འཁྲི་ལྟར་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་རེ་ཞུ་བྱས་པའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ས་ཁུལ། གཞི་རིམ་སྡེ་ཁག་དང་། ན་གཞོན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་བྱེད་སར་ཞིབ་བཤེར་ཚད་ལེན་བྱེད་དགོས་ལ། རེ་ཞུ་བྱས་པའི་ས་ཁུལ་དང་ལས་ཁུངས་ལ་ཞིབ་བཤེར་ཚད་ལེན་ཐོབ་རྗེས། ལེགས་པའི་ཁྲོད་ནས་ཕུལ་བྱུང་འདེམས་པའི་རྩ་དོན་ལྟར། འགན་ཁུར་ལས་ཁུངས་སོ་སོས་གཅིག་བསྡུས་སྤྱི་བསྡོམས་དང་ཕྱོགས་བསྡུས་དཔྱད་འཇོག་བྱས་ཏེ། ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ལ་རེ་ཞུ་སྙན་ཞུ་སྤྲོད་དགོས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།