མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་ལྔ་བ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་པ་ཟི་ལིང་དུ་འཚོགས། གྲོས་ཚོགས་སྟེང་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ཐེངས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས། ཞིང་ཆེན་གྱི་མགོ་ཁྲིད་ཡན་པའོ་ཡིས་གསུང་བཤད་གནང་ཞིང་། ལི་ཧུང་ཡཱ་ཡིས་མགོ་འཛིན་དང་། ཀྲང་ཙེ་ཅུན་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་། མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་སྐོར་གྱི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཅོ་ལྔ་པའི་བསམ་འཆར་ཕྱོགས་ཡོངས་ནས་དག་ཐེར་དོན་འཁྱོལ་བྱེད་པ། སྲིད་ཁྲིམས་དཔུང་ཁག་ཁག་དང་པོའི་སློབ་གསོ་དག་ཐེར་ལ“ཕྱིར་མིག་ལྟ་བའི”ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་བཅས་བྱས་ཏེ། གནད་དོན་གྱི་ཁུངས་སྣེ་གཙང་བཤེར་མཐར་ཕྱིན་བྱེད་པ་དང་། གནོད་ལྡན་ནུས་ཤུགས་གཙང་སེལ་བྱེད་པ། མང་ཚོགས་ཀྱི་ཡིད་ཚིམ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱེད་པ་བཅས་ལ་ཁག་ཐེག་བྱེད་དགོས། ཁག་གཉིས་པའི་སློབ་གསོ་དག་ཐེར་ལ་གྲ་སྒྲིག་ཞིབ་ཚགས་བྱས་ནས་ཁག་དང་པོར“ཕྱིར་མིག་ལྟ་སྐབས”ཤེས་རྟོགས་བྱུང་བའི་གནད་དོན་དེ་ཁག་གཉིས་པར་མུ་མཐུད་དུ་དག་ཐེར་བྱེད་པར་སྣུར་སྲིང་བྱས་ཏེ། འབྲེལ་མཐུད་དམ་ཟབ་དང་རྒྱུན་མཐུད་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་སྒྲིག་སྲོལ་ལམ་ལུགས་འཛུགས་པའི་གཙོ་རྒོལ་ཁ་ཕྱོགས་གསལ་བོར་བཟོས་ཏེ། ཡུན་ཕན་རྒྱུན་བསྲིང་གི་ལམ་ལུགས་དང་ལམ་སྲོལ་ཁག་གཅིག་ནུས་ཤུགས་ཡོད་རྒུས་བཏོན་ནས་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་ཏན་ཏིག་ངང་ཇེ་བརྟན་དུ་གཏོང་དགོས། “ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ་འགན་འཁྲི་གཙོ་བོར་དམིགས་པ་དང་། སྤྱི་ཡོངས་ལ་འགན་ལེན་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་འབད་བརྩོན་ཡང་ཡང་བྱེད་པ་དང་། འཇོན་ནུས་སླར་ཡང་ཆེ་རུ་བཏང་ནས་མང་ཚོགས་ལ་དངོས་ཕན་སྔར་བས་མང་པོ་ཐོབ་པར་བྱེད་དགོས། “ཕྱིར་མིག་ལྟ་བའི་”དག་ཐེར་ཡོ་བསྲང་དམ་འཛིན་བྱ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་ཚགས་བྱེད་པ་དང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་ལོ་བརྒྱའི་རིང་གི་ཏང་གི་ལོ་རྒྱུས་མ་ལག་ཁོང་དུ་ཆུད་པ་དང་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་ཁྲིད་སྟོན་བྱས་ཏེ། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་ཡིད་ཆེས་ཇེ་བརྟན་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་སློབ་གསོ་དག་ཐེར་གྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཞིང་ཆེན་རིམ་པའི་བཅའ་སྡོད་མཛུབ་ཁྲིད་ཚན་ཆུང9ཡིས་སྙན་ཞུ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།