ཐང་གས་གསེར་མོ་ལྗོངས་ཀྱི་ཕྱུག་འགྱུར་གྱི་རྨི་ལམ་མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ལ་ཀྲུང་གོའི་ཐང་གའི་ཕ་ཡུལ་ཞེས་པའི་མཚན་སྙན་ཡོད། 2009ལོར། ཐང་ག་དང་བརྩེགས་དྲུབ། འཇིམ་བརྐོས་སོགས་རེབ་གོང་སྒྱུ་རྩལ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་མཛོད་དུ་བཅུག ས་འདིར་མི་ཁྲི་གཉིས་ལྷག་གིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ལས་གཉེར་ནས་ཕྱུག་འགྱུར་གྱི་རྨི་ལམ་མངོན་འགྱུར་བྱེད་བཞིན་ཡོད།

ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་སེང་གེ་གཤོང་ཞོལ་མ་སྡེ་བའི་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ། སློབ་མ170ལྷག་གིས་ཐང་གའི་འབྲི་བཞེངས་ཀྱི་སློབ་གཉེར་བྱེད་བཞིན་ཡོད་ལ། ཁོ་ཚོས་ལག་གི་པུར་སྨྱུག་དང་དཀའ་སྤྱད་ལ་བརྟེན་ནས་བློ་སེམས་རྩེ་གཅིག་གིས་འཚོ་བའི་རེ་སྨོན་གསར་སྐྲུན་བྱེད་བཞིན་ཡོད།

མིག་སྔར། རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་སློབ་མ་རེ་རེས་ལོ་རེར་ཕུལ་བྱུང་ཐང་ག་འབྲི་བཞེངས་བྱས་ཏེ། སྤྱིར་བཏང་གི་སློབ་མ་རེའི་ཡོང་སྒོ་སྒོར་ཁྲི་བཞི་ནས་ལྔ་བར་ཡོད་ལ། སློབ་མ་ཁ་ཤས་ཀྱི་ལོ་རེའི་ཡོང་སྒོ་ནི་སྒོར་ཁྲི15ཡན་ལ་སླེབས་ཡོད། །

པར་འདི་དག་ནི་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་སློབ་མས་ཐང་ག་འབྲི་བཞེངས་བྱེད་པའི་ཚུལ་རེད།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།