མཚོ་སྔོན་ཞིང་ཆེན་ཏང་ཨུས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་ལོ་བརྒྱའི་གཟི་བརྗིད་ལ་ཕྱིར་བལྟ་བྱས་ལ། རླབས་ཆེ་བའི་འཐབ་ལམ་ལ་རྒྱང་བལྟ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ་དང་། མཛེས་སྡུག་གི་འབྱུང་འགྱུར་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་འགོ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པའི་འཐུས་ཚབ་མི་སྣ་སངས་རྒྱས་སྐྱབས་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཟི་ལིང་གྲོང་ཁྱེར། མགོ་ལོག་ཁུལ་པད་མ་རྫོང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ། ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་ཟི་བཅས་ཀྱི་འཐུས་ཚབ་པས་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མིག་རྒྱ་རིང་ཞིང་བརྗིད་ཉམས་ཆེན་པོ་ལྡན་ལ། གཏམ་བཤད་ཀྱིས་ཐོག་མཐའ་བར་གསུམ་དུ་ང་ཚོ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་ཁྱབ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡིད་རྟོན་བརྟན་པོས་ཁྱབ་པར་བྱས་ཡོད་ལ། འབད་འཐབ་ལྷོད་མེད་དང་ཡུན་རིང་འབད་འཐབ་བྱེད་པའི་སྙིང་སྟོབས་ཆེན་པོས་ཁྱབ་པར་བྱས་ཡོད་པ་དང་། དེ་ནི་ང་ཚོ་ཏང་གི་ལོ་རྒྱུས་ལྟ་བ་དང་གསར་བརྗེའི་ལྟ་བ། མི་དམངས་ཀྱི་ལྟ་བ། འཕེལ་རྒྱས་ཀྱི་ལྟ་བ། འཛམ་གླིང་གི་ལྟ་བ། སྲིད་འཛིན་གྱི་ལྟ་བ་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས་པ་དང་མཚོན་པར་བྱས་ཡོད། སྔ་མཐུད་ཕྱི་སྤེལ་དང་སྔ་འཛིན་ཕྱི་གཏོད་བྱས་ནས། ཏང་དབུ་བརྙེས་པའི་ལོ་བརྒྱའི་རྒྱུད་རིམ་ལ་ཕྱིར་བལྟ་བྱས་པ་དང་། རླབས་ཆེ་བའི་ཏང་འཛུགས་ཀྱི་སྙིང་སྟོབས་ཆེར་སྐྱེད་ལ། མཛེས་སྡུག་གི་མ་འོངས་པ་བསྐྲུན་པའི་དུང་བརྡ་བཏང་བ་དང་། འདས་སོང་རྒྱུན་འཛིན་དང་བདེ་སྡོད་ཉེན་བསལ་བྱས་པ་མ་ཟད། མཐོ་འཛེགས་རྒྱང་ལྟ་དང་འགྱུར་མེད་དམ་བཅའ་བཞག་ལ། སྙན་འཇེབས་ལྡན་ཞིང་ཤུགས་ལྡན་པ་དང་རང་རྟོན་དཔའ་སྐྱེད་བྱས་པ་མ་ཟད། མི་སེམས་འགུལ་བར་བྱེད་ཐུབ་པ། ལོ་རྒྱུས་ཀྱི་མེ་ལོང་དུ་འཛིན་པ་དང་ལས་དོན་གྱི་ཁ་ཕྱོགས་ཡིན་ལ། མི་སེམས་གཏད་ཕྱོགས་དང་མི་ཀུན་གྱི་རེ་སྒུག་དེ་ལས་ཀྱང་ཡིན། དགོངས་དོན་ཟབ་ཅིང་མཚན་ཉིད་རིག་པས་ཁེངས་ཡོད་ལ། གཞུང་ལུགས་ཀྱི་ཡིད་འགུག་ནུས་པ་དང་བསམ་བློའི་གཡོ་འགུལ་ནུས་པ། དུས་རབས་ཀྱི་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པ་དང་། དེ་ནི་དུས་རབས་གསར་བའི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་དང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཏན་འཇགས་ངང་ཡུན་རིང་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་དང་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་གོ་དོན་གཙོ་བོ་དང་ལག་ལེན་རེ་བ་དང་། རླབས་ཆེན་གྱི་གྲུབ་འབྲས་བཞི་ནི་ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པར་རྒྱུས་ལོན་ཡང་དག་བྱེད་པ་དང་། ངེས་པར་དུ་དགུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རྒྱལ་ཁ་ནས་རྒྱལ་ཁ་ཏུ་བསྐྱོད་པའི་བསམ་པའི་གོ་མཚོན་སྟོབས་ལྡན་ཡིན་ལ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ནི་རྒྱུགས་ལམ་གསར་བ་བསྙེག་པའི་དུས་རབས་ཀྱི་བརྗོད་གཞི་ཡིན་པ་དང་། གུང་ཁྲན་ཏང་ཡོན་ཡོངས་ལ་འབོད་སྐུལ་གཏོང་བ་ནི་ང་ཚོས་ལག་བསྟར་བྱེད་དགོས་པའི་འགན་འཁྲི་ཡིན། བློ་དཀར་བའི་སྒོ་ནས་ལོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་རྣམས་ཀྱིས་གསར་སྐྲུན་བྱས་ནས་བྱུང་བའི་བདེན་ལུགས་རྒྱུན་འཁྱོངས་བྱེད་པ་དང་ཕུགས་འདུན་བརྟན་སྲུང་བྱེད་པ། ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་ཁག་ཁུར་འགན་འཁྲི་ཕྲག་ཏུ་ལེན་པ། རང་སྲོག་བློས་གཏོང་དང་དཔའ་སྐྱེད་འབད་འཐབ་བྱེད་པ། ཏང་ལ་བློ་དཀར་བ་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་སློབ་སྦྱོང་བྱེད་པ་དང་། ཏང་དང་མི་དམངས་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་འབད་འཐབ་བྱས་ནས་གྲུབ་པའི་རླབས་ཆེན་གྱི་སྙིང་སྟོབས་རབ་དང་རིམ་པ་དང་མཉམ་དུ་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་དགོས། འགན་འཁྲི་ཁྱེར་ནས་རྒྱུས་ལོན་བྱེད་པ་དང་། ཐོག་མའི་བསམ་འདུན་ཐོབ་སླ་ཡང་སྲུང་དཀའ་བའི་ཉེན་ཁའི་འདུ་ཤེས་ཀྱིས་སྔོན་ཆད་ང་ཚོས་ཅི་ཞིག་ལ་རྒྱལ་ཁ་བླངས་པར་རྒྱུས་ལོན་གསལ་བོ་བྱེད་པ་དང་། མ་འོངས་པར་ང་ཚོས་ཅི་ལྟར་མུ་མཐུད་དུ་རྒྱལ་ཁ་ལེན་པར་ངོས་འཛིན་གང་ལེགས་བྱེད་པ། ནམ་ཡང་མར་ཁེ་སི་རིང་ལུགས་ཀྱི་ཡིད་རྟོན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་རྟོན་བརྟན་སྲུང་བྱེད་པ། ནམ་ཡང་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱེད་པ་དང་རྨང་གཞི་བརྟན་པོ་འདིང་པ་དང་དྲང་འཛིན་གསར་གཏོད་བྱེད་པ་གཉིས་གཅིག་གྱུར་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་བརྩོན་ལེན་བྱེད་ཕོད་པའི་རླབས་ཆེན་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱལ་ཁབ་ཀྱི་བྱ་བ་ཆེན་པོ་ནམ་ཡང་ཡིད་ལ་དམ་པོར་འཛིན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ་བཅས་བྱས་ནས། ང་ཚོ་ཏང་ནམ་ཡང་རྒྱལ་ཡོངས་མི་དམངས་ཀྱི་རྐང་འཛིན་པ་དང་འགོ་ཁྲིད་སྲོག་ཤིང་བརྟན་པོ་རུ་འགྱུར་བར་ཁག་ཐེག་བྱེད་དགོས། འགན་འཁྲི་ཁྱེར་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་མཐའ་གཅིག་ཏུ་དང་ལེན་བྱས་ཏེ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། ཏང་གི་བུ་དང་བུ་མོ་བཟང་བོ་བྱས་ནས་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་དགོས། ཏང་གི་ཕུགས་འདུན་ཡིད་རྟོན་གྱི་ཆེད་དུ་ནམ་ཡང་འབད་འཐབ་བྱེད་པ་དང་འབད་འཐབ་ལྷོད་མེད་བྱེད་པའི་སྟེང་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་དང་མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་མང་ཚོགས་ལ་དོན་དངོས་བསྒྲུབ་པ་དང་དོན་བཟང་བསྒྲུབ་ནས། མི་དམངས་མང་ཚོགས་བར་གྱི་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པའི་སྟེང་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་དགོས། ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་སྤྱོད་བཟང་སྤྱི་འབུལ་བྱེད་པ། སྤྱོད་བཟང་རྒྱུས་ལོན་བྱེད་པ་དང་སྤྱི་བའི་ཀུན་སྤྱོད་བརྟན་སྲུང་བྱེད་པ། ཀུན་སྤྱོད་ནན་མོ་བྱེད་པའི་སྟེང་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་དགོས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་དུས་རབས་གསར་བའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བའི་སྟེང་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་དགོས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ལ་ཁ་ཕྱོགས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ལ་ཁ་ཕྱོགས་ནས་འབད་འཐབ་མདུན་སྐྱོབ་བྱེད་པའི་སྟེང་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། གོ་དོན་མཐིལ་རྟོགས་བྱེད་དགོས། སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་ཁྲོད་སྔར་ལས་རང་རྟོགས་སྒོས་ཏང་ལ་བློ་དཀར་བར་བྱས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་དགོས། སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་ཁྲོད་སྔར་ལས་རང་རྟོགས་སྒོས་རྒྱལ་ཁབ་ཀྱི་བྱ་བ་ཆེན་པོ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཡང་དག་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པའི་ཁྲོད་མཚོ་སྔོན་གྱི་གནས་ཚད་གཏན་ཁེལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ས་བཞི་འཛུགས་སྐྲུན་བྱེད་པ། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་གལ་ཆེན་གྱི་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་དགོས། སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་ཁྲོད་སྔར་ལས་རང་རྟོགས་སྒོས་ཁག་ཁུར་འབད་འཐབ་མངོན་པར་བྱེད་པ་དང་། སྙིང་སྟོབས་སྔར་ལས་ཆེན་པོ་དང་འབད་འཐབ་ཀྱི་རྣམ་པས་ལོ་རྒྱུས་ཀྱི་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ། དཀའ་སྤྱད་འབད་འཐབ་བྱེད་པ་དང་དཀའ་ངལ་ཁྱད་སེལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།