ལིའུ་ཐའོ་སྐྱེ་ཁམས་ཁུལ་གྱི་སྡེ་ཁག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ཀྱི་དགོངས་དོན་ལ་ཞིབ་འཇུག་དང་གླེང་མོལ་བྱེད་པའི་གྲོས་ཚོགས་སྟེང་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མགོ་འཛིན་བྱས་ནས་སྐྱེ་ཁམས་ཁུལ་གྱི་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཞིབ་འཇུག་དང་གླེང་མོལ་བྱེད་པའི་གྲོས་ཚོགས་བསྡུས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ལས་བགོས་དོ་དམ་སྡེ་ཁག་གི་ཁོངས་མིར་སློབ་ཁྲིད་བྱེད་པའི་ཏང་གི་སློབ་ཁྲིད་དུ་བྱེད་པ་དང་ཟུང་འབྲེལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དང་འབད་འཐབ་ཁྲོད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་འགན་གསར་བ་ཕྲག་ཏུ་ལེན་དགོས་ཞེས་ནན་གྱིས་བསྟན། སྡེ་ཁག་སོ་སོའི་ཏང་ཙུའུ་བློ་མཐུན་གྱིས་བརྗོད་དོན་ལ་དམིགས་ནས་རེ་རེ་བཞིན་གཏམ་བཤད་བྱས་པ་དང་ཏང་གི་སློབ་སྦྱོང་སློབ་གསོའི་གནས་ཚུལ་ངོ་སྤྲོད་བྱས།

ལིའུ་ཐའོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་འཚོལ་ཞིབ་ཁྲོད་མུ་མཐུད་དུ་སྤྱི་སྡོམ་དང་ཞུན་བརྡར་བྱས་ཏེ། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་ཚན་རིག་དང་མཐུན་པའི་ངོས་འཛིན་དང་ཐག་གཅོད་བྱས་པ་དང་། འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་ངོ་བོའི་འབྲེལ་བ་གཏིང་ཟབ་སྒོས་མངོན་པར་བསྟན་ཡོད། ནམ་ཡང་མི་རྩ་བར་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བགྲོད་ལམ་མངོན་འགྱུར་བྱེད་པའི་རྒྱལ་ཁབ་ཆེན་པོའི་ཁག་ཁུར་མཚོན་པར་བྱས་ལ། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་སྐྱེ་ཁམས་ལྟ་བའི་འཕེལ་རྒྱས་གསར་བ་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཞུང་ལུགས་དང་ལག་ལེན་གྱི་རྣམ་པ་གསར་བ་ཡིན།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རེ་བ་ཆེན་པོ་དང་མངག་བཅོལ་བྱས་ནས་སྡེ་ཁག་སོ་སོས་ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ་བསམ་སྤྱོད་གཉིས་ཀྱི་སྟེང་མངོན་པར་གོ་བ་གཏོང་ཟབ་ལེན་དགོས། ཏང་ལ་བློ་དཀར་བའི་སྤྱོད་བཟང་ལ་བཀུར་བསྟི་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་སྲུང་བྱས་ཏེ་བློ་དཀར་མཚོན་པར་བྱེད་དགོས། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྤྱི་སེམས་ལ་བཀུར་བསྟི་བྱས་ཏེ་མི་དམངས་མང་ཚོགས་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་མྱོང་བར་བྱས་ནས་སྤྱི་སེམས་མཚོན་པར་བྱེད་དགོས། རང་གཅུན་གྱི་སྤྱོད་པར་བཀུར་བསྟི་བྱས་ཏེ་སྒྲིག་ལམ་དང་ཆབ་སྲིད་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ་དོགས་ཟོན་མཚོན་པར་བྱེད་དགོས། ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་དང་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་བཟུང་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་ལེགས་སྐྱེས་འབུལ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།